ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན། སྐབས34བའི་ཟི་ལིང་ས་ཁུལ་གྱི་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་དེ་ཟི་ལིང་ལྷོ་རི་སྤྱི་གླིང་གངས་ལྗོངས་དམངས་སྲོལ་བཤམས་སྟོན་ཁང་དུ་གཟབ་རྒྱས་ངང་མགོ་བརྩམས་པ་དང་། ཐེངས་འདིའི་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྟེང་གཅན་ཚ་རྫོང་ཚོང་ལས་ཡར་སྐུལ་མཐུན་ཚོགས་ཀྱིས་རང་ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་གང་མང་ཞིག་འགྲེམ་སྟོན་བྱས།
ཐེངས་འདིའི་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་དང་བསྟུན་ནས་གཅན་ཚ་རྫོང་ཚོང་ལས་ཡར་སྐུལ་མཐུན་ཚོགས་ཀྱིས་རང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་གང་མང་ཞིག་འགྲེམ་སྟོན་བྱས་པ་དང་། ཚོང་ལས་མཐུན་ཚོགས་འདིས་བཀའ་འགྱུར་གསེར་བྲིས་དང་གཡང་འགུག་འབྲུ་སྣའི་རི་མོ། གླང་རི་སྲོལ་རྒྱུན་མདའ་གཞུ་སོགས་ཀྱིས་མཚོན་པའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་སྣ་མང་གསར་སྐྲུན་བྱས་ཡོད་པར་མ་ཟད། འགྲེམ་སྟོན་བྱས་ཡོད་པའི་ཐོན་རྫས་མང་ཤོས་ཀྱིས་མི་རིགས་རང་གི་ལག་ཤེས་སྒྱུ་རྩལ་གྱི་ཁྱད་ཆོས་མངོན་པར་མཚོན་ཡོད།
གཅན་ཚ་རྫོང་ཚོང་ལས་ཡར་སྐུལ་མཐུན་ཚོགས་ཀྱིས་རང་ས་གནས་དང་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་ཐོན་རྫས་སྣ་མང་གསར་སྐྲུན་བྱས་ནས་ཚོང་རར་འགྲེམ་སྤེལ་བྱས་པས་ས་གནས་ཀྱི་དཔལ་འབྱོར་ཡར་རྒྱས་དང་དཔལ་འབྱོར་སྤྱི་ཚོགས་འཛུགས་སྐྲུན་ཐད་ནུས་པ་བཏོན་པ་རེད།
གསར་འགོད་པ།སྐལ་བཟང་རྣམ་རྒྱལ།མི་ཕམ་མགོན་པོ།