རང་ཞིང་གིས2020ལོའི་བཙོག་བཟོ་འགོག་བཅོས་མཁྲེགས་གཏོར་གྱི་དུས་རིམ་རང་བཞིན་གྱི་དམིགས་འབེན་ཡོངས་རྫོགས་མངོན་འགྱུར་བྱུང་།
2021.06.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

2020ལོའི་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་གནས་བབ་ཀྱི་སྤྱི་བསྒྲགས་ལས་མངོན་པ་ལྟར་ན། རང་ཞིང་གིས་ཆུའི་བཙོག་བཟོ་འགོག་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་མཁའ་དབུགས་བཙོག་བཟོ་འགོག་བཅོས་གཏིང་ཟབ་ཏུ་སྤེལ་བ། བརྟན་བརླིང་ངང་ས་ཞིང་དང་ས་འོག་གི་ཆུའི་བཙོག་བཟོ་འགོག་བཅོས་སྤེལ་ནས། བཙོག་བཟོ་འགོག་བཅོས་མཁྲེགས་གཏོར་གྱི་དུས་རིམ་རང་བཞིན་གྱི་དམིགས་འབེན་ཡོངས་རྫོགས་མངོན་འགྱུར་བྱུང་།

2020ལོར། རང་ཞིང་གིས་ཆུའི་བཙོག་བཟོ་འགོག་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་བ་དང་། ཆུའི་བཙོག་བཟོ་འགོག་བཅོས་ཀྱི་རྨང་གཞི་སྒྲིག་ཆས་འཐུས་ཚང་དུ་བཏང་ལ། ཞིང་ཆེན་རིམ་པའི་བཟོ་ལས་འདུ་རུབ་ཁུལ་བཅུ་གཉིས་ཀྱི་ཆུའི་བཙོག་བཟོ་ཐག་གཅོད་སྒྲིག་ཆས་འཛུགས་སྐྲུན་དང་སྣུམ་སྣོན་ས་ཚིགས་དྲུག་བརྒྱ་དང་སོ་དྲུག་གི་ས་འོག་སྣུམ་སྒམ་སིམ་འགོག་གསར་བསྒྱུར་བསྒྱུར་བཀོད། ཞིང་ཆེན་ཡོངས་ཀྱི་ཆུའི་ཁོར་ཡུག་གི་འདེགས་སྐྱོར་ནུས་པའི་གདེང་འཇོག་བཅས་ཀྱི་ལས་འགན་ཡོངས་འགྲུབ་བྱས། ཞིང་སྡེ་ང་བཞིའི་མི་ཁྲི་ཡི་བཏུང་ཆུ་ཏུན་སྟོང་གི་ཆུ་ཁུངས་སྲུང་སྐྱོབ་ཁུལ་དབྱེ་འབྱེད་གཏན་འབེབས་ཡོངས་འགྲུབ་བྱས་པ་དང་། སྲུང་སྐྱོབ་ཁུལ་གྱི་ཁོར་ཡུག་གནད་དོན་གྱ་གཉིས་བཅོས་སྐྱོང་བྱས། གྲོང་གསེབ་བརྒྱ་དང་ཞེ་བདུན་དང་ཞིང་སྡེའི་འཚོ་བའི་བཙོག་བཟོ་ཐག་གཅོད་སྒྲིག་ཆས་དང་ཆ་སྡེབས་སྦུག་དྲའི་བརྟག་བཤེར་ཡོངས་འགྲུབ་བྱས། རྒྱུན་མཐུད་ངང་ཚ་འདམ་གཞོང་ས་ཁུལ་གྱི་བ་ཚྭ་ལས་རིགས་ཁེ་ལས་བཞིའི་བཙོག་བཟོ་བཅོས་སྐྱོང་བྱས་ནས། ཙོང་ཆུའི་བཞུར་རྒྱུད་ཀྱི་བཙོག་བཟོ་ཕྱིར་འདོན་ཚོད་ལྟ་ལས་འགན་ཡོངས་འགྲུབ་བྱས།

མཁའ་དབུགས་བཙོག་བཟོ་འགོག་བཅོས་གཏིང་ཟབ་ཏུ་སྤེལ་བ་དང་། རང་ཞིང་གི་གྲོང་ཁྱེར་གཉིས་དང་ཁུལ་དྲུག་གི་གྲོང་ཁྱེར་གཙོ་བོས་མཉམ་དུ་རིལ་གཟུགས་དང་ཏན་དབྱང་འགྱུར་རྫས་ཕྱིར་འདོན་ལ་ཚོད་འཛིན་བྱས།

རིན་ཆེན་མཚོས་བསྒྱུར།