མཚོ་སྔོན་གྱི་རྗེས་དྲན་ཁང་གསུམ་རྒྱལ་ཡོངས་རྒྱལ་གཅེས་རིང་ལུགས་སློབ་གསོའི་དཔེ་སྟོན་རྟེན་གཞི་རུ་བདམས།
2021.06.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་དུས་བཟང་འདིར། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་རྒྱལ་ཡོངས་ནས་རྒྱལ་སྤྱིའི་རིང་ལུགས་སློབ་གསོའི་དཔེ་སྟོན་རྟེན་གཞི་བརྒྱ་དང་བཅུ་གཅིག་ལ་མིང་གསར་དུ་བཏགས་པ་དང་། དེའི་ཁྲོད་དུ་མཚོ་སྔོན་གྱི་མདོ་དབུས་གཞུང་ལམ་འཛུགས་སྐྲུན་བཀོད་འདོམས་པུའུ་ཡི་སྡོད་གནས་རྙིང་བ་དང་མཚོ་བོད་ལྕགས་ལམ། ཡུས་ཧྲུའུ་ཡོམ་འགོག་རྒུད་སྐྱོབ་རྗེས་དྲན་ཁང་བཅས་བདམས་ཐོན་བྱུང་།

གོང་གསལ་མཚོ་སྔོན་གྱི་ས་གནས་གསུམ་རྒྱལ་ཡོངས་རྒྱལ་སྤྱིའི་རིང་ལུགས་སློབ་གསོའི་དཔེ་སྟོན་རྟེན་གཞི་རུ་བདམས་རྗེས། མཚོ་སྔོན་གྱི་རྒྱལ་ཡོངས་རྒྱལ་སྤྱིའི་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞིའི་ཁ་གྲངས་བརྒྱད་དུ་འཕར།

ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་བླང་བྱ་བཏོན་དོན། རྒྱལ་ཡོངས་རྒྱལ་སྤྱིའི་རིང་ལུགས་སློབ་གསོའི་དཔེ་སྟོན་རྟེན་གཞི་ཡིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ། གནའ་དེང་གི་ལོ་རྒྱུས་ཆེན་མོ་བཞིའི་དྲིལ་སྒྲོག་སློབ་གསོ་སོགས་བྱ་འགུལ་ཆེན་མོའི་ཁྲོད་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། འགྲེམ་སྟོན་ཚུལ་ལུགས་ལེགས་སྒྱུར་དང་ལྟ་སྐོར་ལམ་ཐིག་ལེགས་བཅོས། དྲིལ་སྒྲོག་སློབ་གསོའི་བྱེད་ནུས་འདོན་སྤེལ། ཀྲུང་གོའི་གཏམ་རྒྱུད་ལེགས་པོ་འཆད་པ། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ལེགས་པོར་འཆད་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གཏམ་རྒྱུད་ལེགས་པོར་འཆད་པ། རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་མང་ཚོགས་དང་ཁྱད་པར་དུ་ན་ཆུང་གཞོན་ནུ་དང་ལ་ངར་བསླངས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཉེ་འཁོར་དང་མཐུན་སྒྲིལ་དམ་ཟབ་ཡོང་བར་བྱེད་པ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་ལ་རྒྱལ་ཁ་རླབས་ཆེན་ལེན་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་བཅས་ཀྱི་ཐད་འབད་འཐབ་གང་ལེགས་བྱེད་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།