མཚོ་བྱང་ཁུལ་གྱིས་གཞོན་ནུ་ལོ་ཆུང་གི་གསར་བརྗེ་ཞིབ་འཇུག་སློབ་གསོའི་བྱ་འགུལ་སྤེལ་མགོ་བརྩམས།
2021.06.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

ཉེ་ལམ།   གསར་བརྗེའི་རྗེས་ཤུལ་འཚོལ་ཞིབ་བྱས་ནས་གསར་བརྗེའི་རྒྱུད་རྒྱུ་རྒྱུན་འཛིན་བྱེད་ཅེས་པ་བརྗོད་དོན་ཡིན་པའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ན་གཞོན་ལོ་ཆུང་གི་གསར་བརྗེ་ཞིབ་འཇུག་སློབ་གསོའི་བྱ་འགུལ་མདེལ་གཉིས་སྐར་གཅིག་གི་ཕུགས་བསམ་ཡིད་རྟོན་སློབ་གླིང་དུ་མགོ་བརྩམས་པ་དང་།   ཁུལ་ཡོངས་ཀྱི་ན་གཞོན་ལོ་ཆུང་དྲུག་ཅུ་མགོ་རྩོམ་མཛད་སྒོར་ཞུགས།

མགོ་རྩོམ་མཛད་སྒོ་མཇུག་སྒྲིལ་རྗེས།  བྱ་འགུལ་ལ་ཞུགས་པའི་གཞོན་ཞུ་ལོ་ཆུང་དག་གིས་གསར་བརྗེའི་སྲོལ་རྒྱུན་འཚོལ་ཞིབ་བྱེད་མགོ་བརྩམས་པ་དང་།   ཁོ་ཚོས་ཉིང་རྡུལ་མཁར་གྱི་དྲན་གསོའི་རྡོ་རིང་སོགས་གསར་བརྗེ་སློབ་གསོའི་སློབ་སྦྱོང་རྟེན་གཞི་ལ་ལྟ་སྐོར་དང་།   གསར་བརྗེའི་ལོ་རྒྱུས་བསྐྱར་དྲན།  སྔོན་གཤེགས་དཔའ་བོའི་རྗེས་ཤུལ་བཙལ་ཏེ་རྒྱལ་གཅེས་བརྩེ་བ་ཇེ་ཟབ་ཏུ་བཏང་།   ནུབ་མཚོ་མི་རིགས་བཅའ་སྡོད་ལམ་ལུགས་སློབ་ཆུང་གི་སློབ་མ་བདེ་སྐྱིད་འཚོ་ཡིས་བཤད་རྒྱུར།   དེ་རིང་གསར་བརྗེ་ཞིབ་འཇུག་སློབ་གསོའི་བྱ་འགུལ་ལ་ཞུགས་ཐུབ་པས་ངའི་ཡིད་སེམས་ང་རྒྱལ་གྱིས་ཁེངས་ཡོད་ལ།   གསར་བརྗེའི་རྒན་རབས་པ་རྣམས་ཀྱི་དཀའ་སྤྱད་བབ་ཆགས་ཀྱི་གསར་བརྗེའི་སྙིང་སྟོབས་ཚོར་ཡོང་།   རྗེས་ཕྱོགས་རང་ཉིད་ཀྱི་འབད་འཐབ་ལ་བརྟེན་ནས་གྲུབ་འབྲས་བཟང་བོ་བླངས་ཏེ་མེས་རྒྱལ་དང་སྤྱི་ཚོགས་ལ་དྲིན་ལན་འཇལ་ངེས་ཡིན།  

                                                                                                             ལྷ་མོ་ཚེ་རིང་གིས་བསྒྱུར།