​ ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པར་ལེགས་སྐྱེས་འབུལ། — དངོས་བཤུས་གློག་བརྙན་རྨ་འབྲི་གསུམ་ཞེས་པ་ཀྲུང་དབྱང་གི་ཚན་རིག་དང་སློབ་གསོའི་འཕྲིན་ལམ་ནས་གཏོང་རྒྱུ་རེད། 
2021.06.23 ཁུངས། ཀློག་གྲངས། 100

ཟླ་དྲུག་པའི་ཚེས་ཉེར་གསུམ་ཉིན། རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་བརྙན་འཕྲིན་དངོས་བཤུས་གློག་བརྙན་རྨ་འབྲི་གསུམ་ཞེས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་གནའ་མཁར་ཟི་ལིང་དུ་བསྡུས། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་སྨྱན་བྱད་དང་སྨྱན་བྱད་གསར་བའི་སྟེགས་བུ། ཧྥིན་ཧོང་དྲ་བ་སོགས་སྨྱན་བྱད་ལས་ཁུངས་སོ་ལྔ་གྲོས་ཚོགས་ལ་ཞུགས། རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་ཏང་ཨུའི་ཨུ་ཡོན། ཅུའུ་ཀྲང་གཞོན་པ་ཐེན་ཅུན་ལིའང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་། ཏང་ཨུའི་ཨུ་ཡོན། ཅུའུ་ཀྲང་གཞོན་པ་སུན་ལི་ཅུན་གྱིས་བརྙན་ཕབ་ཀྱི་རྒྱབ་ལྗོངས་ངོ་སྤྲོད་བྱས། ཀྲུང་དབྱང་བརྙན་འཕྲིན་ཁང་ཚན་རིག་དང་སློབ་གསོའི་འཕྲིན་ལམ་གྱི་བརྙན་ལེན་དང་སྒྲིག་བཟོའི་ཚན་ཆུང་གི་སྒྲིག་བཟོའི་ཀྲུའུ་རིན་ཀྲང་ཁྲིན་ལུང་གིས་བརྙན་ཕབ་གནས་ཚུལ་དང་ཤར་གཏོང་བཀོད་སྒྲིག་ངོ་སྤྲོད་བྱས་ལ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ། སྤྱི་ཁྱབ་རྩོམ་སྒྲིག་ཁང་གི་ཀྲུའུ་རིན་ཀྲང་ཞའོ་ཝེ་ཡིས་དཔྱད་འཇོག་གནང་།

སུན་ལི་ཅུན་གྱིས་བཤད་རྒྱུར། རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཞིག་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁུར་བྱེད་ཅིང་ཁོང་གིས་དངོས་སུ་བཀོད་སྒྲིག་དང་སྐུལ་མ་གནང་བའི་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཀྱི་ཐོག་མའི་ཚོད་ལྟའི་ས་ཚུགས་ཡིན་པ་རེད། རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་གྱི་ཚོད་ལྟའི་ས་ཚུགས་ཀྱི་ཕན་འབྲས་ཕྱོགས་ཡོངས་ནས་མཚོན་ཆེད་དང་སྐྱེ་དངོས་ཀྱི་སྣ་མང་རང་བཞིན། ཁྱད་ཆོས་ལྡན་པའི་སྐྱེ་ཁམས་རིག་གནས་མཚོན་ཆེད་དང་། ཏང་བཙུགས་ནས་ལོ་བརྒྱ་འཁོར་བར་ལེགས་སྐྱེས་འབུལ་ཆེད་རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་ལས་རིམ་ལྟར་ཀྲུང་དབྱང་བརྙན་འཕྲིན་གྱི་ཚན་རིག་དང་སློབ་གསོའི་འཕྲིན་ལམ་ལ་མངག་བཅོལ་ལྟར་རྨ་འབྲི་རྫ་གསུམ་གྱི་མུ་འབྲེལ་དངོས་བཤུས་གློག་བརྙན་བརྙན་ལེན་དང་སྒྲིག་བཟོ་བྱེད་དུ་བཅུག་པ་རེད། དངོས་བཤུས་གློག་བརྙན་འདི་ཉིད་མགོ་ཁུངས་དང་ཁྱིམ་གཞིས། རྒྱུད་འཛིན་ཞེས་པའི་ལེའུ་གསུམ་གྱིས་གྲུབ་ཡོད་ལ། གསོན་ཉམས་ལྡན་པའི་གཏམ་རྒྱུད་ཉེར་གཉིས་ཀྱིས་རྨ་འབྲི་རྫ་གསུམ་གྱི་རིགས་སོ་སོའི་མང་ཚོགས་ཀྱིས་བློ་བརྟན་དང་ཆོད་སེམས་བརྟན་པོས་ཀྲུང་གོའི་ཆུ་མཛོད་ལ་བདག་སྐྱོང་དང་སྲུང་སྐྱོབ་བྱེད་པའི་ཐད་འབད་འབུངས་དང་རྔུལ་ཆུ་ཅི་འདྲ་བཏོན་པ་གསལ་བོར་བསྟན་ཡོད།

ཀྲང་ཁྲིན་ལུང་གིས་བཤད་རྒྱུར། ཚན་རིག་དང་སློབ་གསོའི་འཕྲིན་ལམ་གྱིས་རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་གི་ཀྲུང་གོའི་གཏམ་རྒྱུད་དང་མཚོ་སྔོན་གྱི་ཉམས་མྱོང་ཡག་པོར་འཆད་པ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་སྒྲོག་སྤེལ་བྱ་ཆེད། ཆེད་དུ་དངོས་བཤུས་གློག་བརྙན་ཆེ་གྲས་རྨ་འབྲི་རྫ་གསུམ་གྱི་བྱ་བའི་ཚན་ཆུང་བཙུགས་ཏེ། བརྙན་ལེན་དང་སྒྲིག་བཟོ་སོགས་ཀྱི་བྱ་བའི་རྗེས་སུ། དངོས་བཤུས་གློག་བརྙན་ཆེ་གྲས་རྨ་འབྲི་རྫ་གསུམ་ཞེས་པ་ཉིས་སྟོང་ཉེར་གཅིག་ལོའི་ཟླ་དྲུག་པའི་ཚེས་ཉེར་བཞི་ནས་ཚེས་ཉེར་དྲུག་ཉིན་གྱི་དགོང་མོའི་དུས་ཚོད་དགུ་དང་སྐར་མ་ཉི་ཤུའི་སྟེང་ཀྲུང་དབྱང་བརྙན་འཕྲིན་གྱི་ཚན་རིག་དང་སློབ་གསོའི་འཕྲིན་ལམ་ནས་ཐོག་མར་གཏོང་རྒྱུ་ཡིན་པ་དང་། ཉིན་གཉིས་པའི་སྔ་དྲོའི་དུས་ཚོད་དྲུག་དང་སྐར་མ་སོ་གཉིས། དུས་ཚོད་དགུ་དང་སྐར་མ་བཅུ་བདུན། ཕྱི་དྲོའི་དུས་ཚོད་གསུམ་དང་སྐར་མ་སོ་བརྒྱད་བཅས་ཀྱི་སྟེངཀྲུང་དབྱང་བརྙན་འཕྲིན་གྱི་ཚན་རིག་དང་སློབ་གསོའི་འཕྲིན་ལམ་ནས་བསྐྱར་གཏོང་བྱེད་རྒྱུ་རེད།

ཀྲང་ཞའོ་ཝེ་ཡིས་བཤད་རྒྱུར། དངོས་བཤུས་གློག་བརྙན་གྱི་བརྗོད་དོན་ཟབ་ཅིང་དོན་སྙིང་ཆེན་པོ་ལྡན་པས་འདི་ནི་གསོན་ཉམས་ལྡན་པའི་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་བྱས་ལ་མིག་གི་དགའ་སྟོན་དུ་གསོན་ཉམས་ལྡན་པའི་སྣང་བརྙན་ཞིག་བཞེངས་ཡོད་དེ། ཕྱོགས་ཡོངས་ནས་མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་བའི་གྲུབ་འབྲས་མངོན་ཡོད་པ་དང་། མི་དམངས་ཀྱི་སྐྱེ་ཁམས་ལ་དགའ་བ་དང་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་རང་རྟོགས་ཀྱི་འདུ་ཤེས་སད་པར་བྱས་ཡོད།  བསམ་བློའི་རང་བཞིན་དང་སྒྱུ་རྩལ་རང་བཞིན། ལྟད་མོའི་རང་བཞིན་སོགས་ཀྱི་ཕྱོགས་ནས་རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་གི་སྔོན་ཆད་དང་འབྱུང་འགྱུར་གཏིང་ཟབ་ཏུ་བརྗོད་ཡོད་པ་དང་། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་དེ་ཀྲུང་ཧྭ་མི་རིགས་ཀྱི་གལ་འགངས་ཆེ་བའི་གོ་གནས་སུ་ཡོད་པ་གསལ་བོར་མཚོན་ཡོད། དངོས་བཤུས་གློག་བརྙན་འདི་བཏང་བའི་རྗེས་སུ་ཞིང་ཆེན་གྱི་ས་གནས་སོ་སོ་དང་མི་རིགས་སོ་སོའི་ལས་བྱེད་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཇེ་བརྟན་དུ་འགྲོ་བར་གདེངས་ཚོད་ཡོད་ལ། འུ་ཅག་འཚོ་གཞིས་བྱེད་སའི་ས་ཆེན་པོ་འདིར་སྔར་ལས་གཅེས་སྤྲས་དང་སྲུང་སྐྱོབ་བྱེད་སྲིད་ཅིང་། མཚོ་སྔོན་གྱི་མཐོ་སྒང་གི་རིགས་སོ་སོའི་རྒྱུད་འཛིན་པ་རྣམས་ཀྱི་དུས་རབས་གསར་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འོས་འགན་ཤུགས་དྲག་ཏུ་འགྲོ་སྲིད་ཟེར།

གསར་འགོད་པ། མི་ཕམ་མགོན་པོ།