ཀན་ལྷོ་ཁུལ་ལིན་ཐན་རྫོང་གིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དུ་བཏང་།
2021.06.25 ཁུངས། ཀན་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀློག་གྲངས། 23

ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ལིན་ཐན་རྫོང་གིས་རྒྱུན་ཆད་མེད་པར་བྱེད་ཐབས་ལ་ཤུགས་བསྣན་ནས་རྫོང་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་ནུས་ཤུགས་ཡོད་རྒུས་སྲ་བརྟན་དུ་བཏང་།  ལིན་ཐན་རྫོང་གིས“སུ་ལ་རོགས་སྐྱོར་བྱེད་པ”དང“སུ་ཡིས་རོགས་སྐྱོར་བྱེད་པ”“ཇི་ལྟར་རོགས་སྐྱོར་བྱེད་པ”“ཇི་ལྟར་ཕྱིར་འཐེན་བྱེད་པ”སོགས་རྩ་བའི་རང་བཞིན་ལྡན་པའི་གནད་དོན་ལ་དམིགས་ཏེ། “གནད་ཁེལ་དྲུག”དང“ཁག་ཅིག་ལྔའི”བླང་བྱ་གཞིར་བཟུང་ནས་གཙོ་གནད་ལས་འགན་དམ་འཛིན་ནན་མོ་བྱས་པ་དང་། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དམིགས་འབེན་ལ་དམིགས་ཏེ་འོས་འགན་སློབ་གསོ་དང་གཞི་རྩའི་སྨན་བཅོས། སྡོད་ཁང་འགན་ལེན། འཐུང་ཆུའི་བདེ་འཇགས་བཅས་ཐད་ཀྱི་གནད་དོན་ལེགས་སྒྲིག་ནན་ཏན་བྱས་ནས་གནད་དོན་གྱི་གསལ་ཐོ་བཏོན་ཞིང་། འགན་ཁུར་བ་དང་ལེགས་སྒྲུབ་དུས་བཅད་ཁ་གསལ་བཟོས་ནས་ནུས་ཤུགས་ཡོད་རྒུསགསུམ་གྱི་ཁར་གཅིག་སྣོན་པའིམཐའ་མའི་གདོང་མཆོང་བྱས་ནས་གནད་དོན་གཙང་སེལ་བྱེད་པའི་འགུལ་སྐྱོད་སྤེལ།    ཐོན་ལས་དབུལ་སྐྱོར་དང་ལས་ཞུགས་དབུལ་སྐྱོར། རང་བྱུང་སྡེ་བའི་གཞུང་ལམ་འཛུགས་སྐྲུན། གནས་སྤོར་དབུལ་སྐྱོར་སྲ་བརྟན་དུ་གཏོང་བ། སྐྱེ་ཁམས་ནགས་སྲུང་སོགས་ཀྱི་ལས་གཞི་དང་མཐའ་སྐྱོང་འགན་ལེན་གྱི“ལྔའི་ཁར་གཅིག་སྣོན་པའི”ཆེད་དོན་མཐོར་འདེགས་འགུལ་སྐྱོད་སྤེལ་བར་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཞིང་སྡེའི་ངལ་རྩོལ་བ་དང་ལྷག་པར་དུ་དབུལ་ཕོངས་ཁྱིམ་ཚང་གི་ངལ་རྩོལ་བ་ལས་གནས་སུ་ལོག་ནས་ལས་ཀ་ལས་པ་དང་ལས་ཞུགས་བྱེད་པར་རྩ་འཛུགས་ནུས་ལྡན་བྱས་པ་དང་། དབུལ་སྐྱོར་འཁོར་ཁང་དེ་སྤུས་ཚད་ལེགས་ལ་ཕན་འབྲས་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བར་ཧུར་ཐག་སྒོས་ཁྲིད་སྟོན་བྱས། གྲོང་གསེབ་ཀྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་ལ་དོ་དམ་བྱ་རྒྱུར་ཤུགས་བསྣན་པ་དང་། གྲོང་གསེབ་ཀྱི་གཙང་སྦྲ་དང་གཞུང་ལམ་ཞིག་གསོ་སོགས་སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་ནས་ས་ཆ་གཞན་དུ་བསྐྱོད་ཐབས་བྲལ་བའི་དབུལ་ཕོངས་ཁྱིམ་ཚང་གི་ངལ་རྩོལ་བར་ས་གནས་དེ་ག་དང་ཉེ་འཁོར་གྱི་ས་གནས་སུ་ལས་ཞུགས་བྱེད་དུ་བཅུག་པས། ཡོང་འབབ་བརྟན་པོ་ཡིན་པ་དང་དབུལ་ཐར་བྱེད་པ་མངོན་འགྱུར་བྱུང་། མིག་སྔའི་བར་དུ། རྫོང་ཡོངས་ཀྱི་ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་སྟོང་བརྒྱད་དང་དྲུག་བརྒྱ་དང་གཉིས་ཡིན་པ། དེ 2014ལོའི་ལོ་མཇུག་གི་སྒོར་སྟོང་ལྔ་དང་བརྒྱ་མེད་བཅུ་མེད་བདུན་ལས་ལྡབ་གཅིག་དང་གྲངས་ཆུང་བདུན་འཕར་ཡོད།


                                                                                                                     འཕྲིན་གཏོང་བ། བདེ་སྐྱིད་འཚོ།