ཐེངས་འདིའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱིས་ལྗང་མདོག་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཚིགས་ཀྱི་མཐོ་རིམ་གླེང་སྟེགས་བསྐྲུན་རྒྱུ་རེད།
2021.07.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

མགོ་རྩོམ་ལ་ཉེ་བའི་་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་བཅུ་གཉིས་པས་ལྗང་མདོག་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཚིགས་ཀྱི་མཐོ་རིམ་གླེང་སྟེགས་བསྐྲུན་རྒྱུ་རེད།

མཐོ་རིམ་གླེང་སྟེགས་སྟེང་རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པ་དང་ཤེས་ཡོན་པ་གྲགས་ཅན་གདན་འདྲེན་བྱེད་རྒྱུ་མ་ཟད། ལྗང་མདོག་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཚིགས་གཙོ་ཐིག་བྱས་ཏེ་ཐོན་རྫས་གཉིས་དང་མཚོན་རྟགས་གཅིག་གི་འཛུགས་སྐྲུན་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ལས་སྣོན་ཆུ་ཚད་མཐོར་འདེགས་གཏོང་རྒྱུ་རེད། ཁྱད་ལྡན་ཐོན་རྫས་མཚོན་རྟགས་ཀྱི་ཤུགས་རྐྱེན་བྱེད་ནུས་རྒྱ་བསྐྱེད་པ་དང་སྟེགས་བུའི་དཔལ་འབྱོར་འཛུགས་སྐྲུན་སོགས་ཀྱི་ཕྱོགས་ནས་ཆེད་དོན་གཏམ་བཤད་དང་ཉམས་མྱོང་བརྗེ་རེས་བྱེད་པར་སྐུལ་འདེད་བཏང་ནས་བསམ་འཆར་ཡག་པོ་འདོན་རྒྱུ་རེད།

མི་ཕམ་མགོན་པོས་བསྒྱུར།