རང་ཞིང་གི་བཞུར་རྒྱུན་ཆུང་བའི་ས་ཆུ་ཤོར་བར་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ལས་གཞི་ཉེར་ལྔ་འཛུགས་སྐྲུན་བྱེད་འགོ་བརྩམས།
2021.07.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཉེ་ལམ། གསར་འགོད་པས་ཞིང་ཆེན་ས་ཆུ་སྲུང་འཛིན་ལྟེ་གནས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་བར་དུ། 2021ལོར་རང་ཞིང་གིས་བཀོད་སྒྲིག་བྱས་ནས་ལག་བསྟར་བྱས་པའི་བཞུར་རྒྱུད་ཆུང་བའི་ས་ཆུ་ཤོར་བར་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་བཟོ་སྐྲུན་ཉེར་བརྒྱད་ཡོངས་རྫོགས་ལ་ཆོག་མཆན་བཀོད་པ་དང་། དེ་ཟི་ལིང་དང་མཚོ་ཤར། མཚོ་བྱང་། མཚོ་ལྷོ། རྨ་ལྷོ། ཡུས་ཧྲུའུ་དང་མགོ་ལོག་བཅས་གྲོང་ཁྱེར་དང་ཁུལ་བདུན་གྱི་རྫོང་དང་ཆུའུ་བཅོ་བརྒྱད་དང་འབྲེལ་ལ། ཆོག་མཆན་བཀོད་པའི་སྤྱིའི་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་དྲུག་ས་ཡ་བདུན་འབུམ་དགུ་ཁྲི་གཉིས་ལ་སླེབས། དེའི་ཁྲོད་ཀྱི་བཟོ་སྐྲུན་ཉེར་ལྔ་འཛུགས་སྐྲུན་བྱེད་འགོ་བརྩམས་པ་དང་། མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གསུམ་ས་ཡ་དགུ་འབུམ་བདུན་ཁྲི་དྲུག་བཀོད་སྒྲིག་བྱས་ལ། མ་དངུལ་ལག་བསྟར་བྱེད་ཚད་བརྒྱ་ཆའི་གྱ་དགུ་དང་གྲངས་ཆུང་ལྔ་ལ་སླེབས།

མིག་སྔར། རང་ཞིང་གི་ས་ཆུ་སྲུང་འཛིན་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་ཐད་ནས་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་གཏོང་བ་དང་མཐུན་སྦྱོར་སྒོས་སྤེལ་བ། ཕན་འབྲས་མངོན་གསལ་ཡིན་པའི་རྣམ་པ་གསར་བ་མངོན་ཡོད་ལ། བཅོས་སྐྱོང་ཁུལ་གཙོ་བོའི་ཞིང་ལས་ཀྱི་ཐོན་ཚད་ཇེ་མཐོར་གཏོང་བར་སྐུལ་འདེད་གཏོང་བ་དང་ཞིང་བའི་ཡོང་སྒོ་ཇེ་མང་དུ་གཏོང་བ་དང་ཞིང་སྡེའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་པ་དང་། ས་ཆུ་སྲུང་འཛིན་སྐྱེ་ཁམས་ཞབས་ཞུ་རྩོལ་ནུས་ཀྱིས་གྲོང་ཁྱེར་གྱི་མི་སྡོད་ཁོར་ཡུག་འཛུགས་སྐྲུན་བྱེད་པ་དང་ཚན་རྩལ་དཔེ་སྟོན་ལ་ཤུགས་སྣོན་པ། གྲོང་གསེབ་ཅན་གྱི་འཛུགས་སྐྲུན་ལ་འདེགས་སྐྱོར་བྱེད་པ། གནས་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་བ་སོགས་དཔལ་འབྱོར་སྤྱི་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བའི་ཁྲོད་འགན་སྲུང་གི་ནུས་པ་གལ་ཆེན་མངོན་འགྱུར་བྱས།

རིན་ཆེན་མཚོས་བསྒྱུར།