རྫས་ལུད་དང་ཁྲའེ་སྣུམ་སོགས་ཞིང་ལས་མཁོ་རྫས་ཀྱི་རིན་གོང་འཕར་བ་དེས་འབྲུ་འདེབས་ཞིང་བའི་ཡོང་སྒོ་ལ་ཤུགས་རྐྱེན་ཐེབས་པས། ཉེ་ལམ། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱིས་བྲེལ་མྱུར་སྒོས་མ་དངུལ་སྒོར་བྱེ་བ་བཞི་དང་འབུམ་བདུན་ཁྲི་བདུན་བཏང་སྟེ་འབྲུ་འདེབས་ཞིང་བར་ཐེངས་གཅིག་རང་བཞིན་སྒོས་ཁ་གསབ་བྱས།
ཁ་གསབ་མ་དངུལ་དེ་སྟེར་ཡུལ་ནི་འབྲུ་འདེབས་ཞིང་བ་ཡིན་ལ། དེའི་ནང་དུ་རང་གིས་འགན་ལེན་བྱས་པའི་ཞིང་སའི་སྟེང་དུ་འབྲུ་རིགས་འདེབས་པའི་ཞིང་བ་དང་། དེ་མིན་རྒྱུན་འཁོར་ས་ཞིང་སྟེང་དུ་འབྲུ་རིགས་འདེབས་པའི་ཁྱིམ་ཚང་ཆེན་པོ་དང་ཁྱིམ་ཚང་གི་ཞིང་ར། ཞིང་བའི་མཉམ་ལས་ཁང་། ཞིང་ལས་ཁེ་ལས་སོགས་རྣམ་པ་གསར་བའི་བདག་གཉེར་གཙོ་གཞི་འདུ། ཁ་གསབ་སྒོར་མོ་དེ་ཉིས་སྟོང་ཉེར་གཅིག་ལོའི་མཚོ་སྔོན་ཞིང་ཆེན་གྱི་གྲོ་དང་ནས་སོགས་འདེབས་པའི་གཞི་ཁྱོན་ལྟར་སྟེར་རྒྱུ་རེད།
མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱིས་མཚོ་སྔོན་གྱི་ས་གནས་སོ་སོས་རྩ་དོན་སྟེང་ཟླ་བདུན་པའི་ཚེས་ཉི་ཤུ་ཉིན་གྱི་སྔོན་ལ་ཁ་གསབ་སྒོར་མོ་ཚང་མ་འབྲུ་འདེབས་ཞིང་བའི་ལག་ཏུ་འབྱོར་དགོས་པའི་རེ་བ་བཏོན།