2021ལོའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་ལས་གཞི་ལག་བསྟར་བྱེད་པའི་དམིགས་འབེན་འགན་འཁྲི་ཡི་གེ་ཁྱོན་ཡོངས་ནས་བཀོད།
2021.07.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 43

2021ལོ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐབས་གཉིས་པའི་བཟོ་སྐྲུན་འཛུགས་སྐྲུན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱེད་པའི་ལོ་ཡིན་པ་དང་། མཐའ་མཇུག་གི་དཔྱད་འཇོག་དང་ཞིབ་བཤེར་བྱེད་པའི་ལོ་ཡང་ཡིན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ཟབ་མོ་བྱེད་ཆེད། ཉེ་ལམ། 2021ལོའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སཀྲུན་བཟོ་སྐྲུན་ལས་གཞི་ལག་བསྟར་བྱེད་པའི་དམིགས་འབེན་འགན་འཁྲི་ཡི་གེ་དང་ཏང་སྲོལ་སྲིད་གཙང་གི་འགན་འཁྲི་ཡི་གེ་འགོད་པའི་གྲོས་ཚོགས་བསྡུས་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་ལས་གཞི་ལག་བསྟར་བྱེད་པའི་དམིགས་འབེན་འགན་འཁྲི་ཡི་གེ་ཁྱོན་ཡོངས་ནས་བཀོད།

ཚོགས་ཐོག་ནས་ཟླ་བདུན་པའི་ཚེས་ལྔ་ཉིན་གྱི་ཞིང་ཆེན་སྲིད་གཞུང་གི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་སྐུལ་སྤེལ་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས་པ་མ་ཟད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐབས་གཉིས་པའི་བཟོ་སྐྲུན2021ལོའི་ལས་གཞི་འཛུགས་སྐྲུན་གྱི་དམིགས་འབེན་ལས་འགན་ལ་གསལ་བཤད་དང་བཀོད་སྒྲིག་བྱས། ལས་གཞི་ལག་བསྟར་བྱེད་ས་ཡུས་ཧྲུའུ་དང་མགོ་ལོག རྨ་ལྷོ། མཚོ་ལྷོ་བཅས་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་སྲིད་གཞུང་གི་ཆེད་བསྐོས་འགན་ཁུར་བློ་མཐུན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་ལག་བསྟར་བྱེད་པའི་གནས་ཚུལ་ཐད་ནས་གཏམ་བཤད། ཞིང་ཆེན་རིམ་པའི་ལས་རིགས་ཆེད་བསྐོས་སྡེ་ཁག་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་སྐབས་གཉིས་པའི་བཟོ་སྐྲུན་ལག་བསྟར་དང་ལས་གཞི་དོ་དམ་སོགས་ཕྱོགས་ནས་བརྗེ་རེས་གཏམ་བཤད་བྱས། ཞིང་ཆེན་སྲིད་གཞུང་གི་མངག་བཅོལ་ལྟར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་མཐུན་སྦྱོར་ཚན་ཆུང་གཞུང་སྒྲུབ་ཁང་གིས་སོ་སོར་ལས་གཞི་ལག་བསྟར་བྱེད་སའི་ཁུལ་གྱི་སྲིད་གཞུང་དང་ཞིང་ཆེན་འབྲེལ་ཡོད་ཐད་གཏོགས་སྡེ་ཁག་བར་ལས་གཞི་ལག་བསྟར་བྱེད་པའི་དམིགས་འབེན་འགན་འཁྲི་ཡི་གེ་དང་ཏང་སྲོལ་སྲིད་གཙང་གི་འགན་འཁྲི་ཡི་གེ་བཀོད།