(གངས་ལྗོངས་མེ་ལོང་དྲ་བ་ནས་སྤེལ་བའི་གསར་འགྱུར། གསར་འགོད་པ། དཔལ་འཛོམས།)ཟླ་བདུན་པའི་ཚེས་བཅུ་དགུ་ཉིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བ་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བའི་གྲུབ་འབྲས་བརྗོད་དོན་གྱི་སྒྲོག་སྤེལ་ཚོགས་འདུ་ཟི་ལིང་དུ་བསྡུས།
ཡུས་ཧྲུའུ་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ཀྲང་པོའུ། ཡུས་ཧྲུའུ་ཁུལ་སློབ་གསོ་ཅུའུའི་ཅུའུ་ཀྲང་ཞོའུ་ཧེ། ཡུས་ཧྲུའུ་ཞིང་ཕྱུག་ཚན་རྩལ་ཅུའུའི་ཅུའུ་ཀྲང་གཞོན་པ་འབྲུག་རྡོ་ཚེ་རིང་། ཡུས་ཧྲུའུ་ཁུལ་ཞིང་སྡེ་དར་སྤེལ་ཅུའུའི་ཅུའུ་ཀྲང་དབྱང་ཞོའུ་ཝེ། ཡུས་ཧྲུའུ་ཁུལ་སྐྱེ་ཁམས་ཁོར་སྲུང་ཅུའུའི་ཅུའུ་ཀྲང་རྡོ་རྒྱལ། ཡུས་ཧྲུའུ་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཡུས་ཧྲུའུ་ཁུལ་མི་དམངས་སྨན་ཁང་གི་ཡོན་ཀྲང་ཀུའོ་ཡུང་སོགས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཞུགས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཕྱི་ཕྱོགས་དྲིལ་བསྒྲགས་གཞུང་དོན་ཁང་གི་ཀྲུའུ་རིན་ཀྲའོ་ཧུང་ཧའོ་ཡིས་ཚོགས་འདུའི་མགོ་འཛིན་མཛད།
ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནི1951ལོའི་ཟླ12པར་བཙུགས་པ་དང་མཚོ་སྔོན་ཞིང་ཆེན་གྱི་ཁུལ་ཐོག་མ་དང་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་རང་སྐྱོང་ཁུལ་ཐོག་མ་ཡིན་ལ། རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་རང་སྐྱོང་ཁུལ30ཡི་ཁྲོད་ཀྱི་མི་རིགས་གཙོ་བོའི་བསྡུར་ཚད་མཐོ་ཤོས་དང་། ཆ་སྙོམས་ས་བབ་མཐོ་ཤོས། མི་རེའི་ཆ་སྙོམས་ས་ཞིང་རྒྱ་ཁྱོན་ཆེ་ཤོས། སྣོད་བཅུད་ཀྱི་གནས་བབ་གལ་ཆེན་ཟིན་ཡོད་པའི་རང་སྐྱོང་ཁུལ་ཞིག་ཀྱང་རེད། ལོ་ངོ70ཡི་རིང་ཏང་གི་མི་རིགས་སྲིད་ཇུས་ཀྱི་གཟི་བརྗིད་འབར་བའི་ཐུགས་ཁུར་དང་རྒྱབ་སྐྱོར་འོག ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་རིགས་སོ་སོའི་ལས་བྱེད་མང་ཚོགས་དཀའ་སྤྱད་མདུན་སྐྱོད་དང་འབད་འབུངས་ཡར་བརྩོན་གྱིས་མུན་ནག་ནས་འོད་གསལ་དང་། བཀག་བསྡོམས་ནས་སྒོ་འབྱེད། དབུལ་ཕུངས་ནས་འབྱོར་འབྲིང་གི་ལམ་དུ་བསྐྱོད་པ་དང་། ནང་སྒོས་སུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཡུས་ཧྲུའུ་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཐོ་རུ་སྒྲེང་བ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“གཟབ་ནན་བཞིའི”བླང་བྱ་གལ་ཆེན་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་ཐབས་ཇུས་བཀོད་སྒྲིག་ལ་སྐུལ་འདེད་བཏང་ནས་རྨང་གཞིའི་སྒྲིག་ཆས་སོགས་མཐོར་འདེགས་ཆེན་པོ་བྱུང་ཞིང་། ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་དང་། སྤྱི་ཚོགས་ལས་དོན་ལ་འཕེལ་རྒྱས་ཆེན་པོ་བྱུང་།
ལོ70ཡི་ཡར་སྔོན་དུ་ཡུས་ཧྲུའུ་ནི་བོད་འབྲེལ་ས་ཁུལ་གཞན་དག་དང་འདྲ་བར་དུས་ཡུན་རིང་བོ་ཞིག་ལ་ཞིང་བྲན་ལམ་ལུགས་ཀྱི་འོག་ཏུ་རྗེས་ལུས་ཡིན་ཞིང་འཕེལ་རྒྱས་མེད་ལ། བཅིངས་འགྲོལ་ཐོབ་རྗེས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་རང་བདག་རང་གིས་བྱས་པ་དང་། རང་ཉིད་ཀྱི་ལས་དབང་རང་གིས་ཁ་ལོ་བསྒྱུར་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་སྟེང་བསྐྱོད་པ་ཡིན་ལ། དུས་རབས་གསར་པར་བསྐྱོད་ནས་འཚོ་བ་གསར་པ་རོལ་བ་རེད། ལོ70ཡི་རིང་ཡུས་ཧྲུའུ་མི་དམངས་ཀྱིས་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་བཞིན་ཐོབ་དཀའ་བའི་འཕེལ་རྒྱས་དང་། གཏན་འཇགས། ཞི་མཐུན་བཅས་ལ་གཅེས་སྤྲས་བྱས། ཐོག་མཐའ་བར་གསུམ་དུ་ཏང་གི་བོད་འབྲེལ་སྲིད་སྐྱོང་གི་ཇུས་གཞི་ལག་བསྟར་བྱས་ནས་རང་སྐྱོང་གིས་མི་གཅིག་སྡུད་དང་། ཁྲིམས་སྐྱོང་གིས་སྟོབས་ཤུགས་གཅིག་སྡུད། ཀུན་སྤྱོད་གྱིས་མི་སེམས་གཅིག་སྡུད་བྱས་ཏེ་དཔལ་འབྱོར་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་བ་དང་། དུས་མཚུངས་སུ་ཡུས་ཧྲུའུ་སྤྱི་ཚོགས་རིང་ལུགས་ཀྱི་ཡང་སྙིང་རིན་ཐང་ལྟ་ཚུལ་དར་སྤེལ་གཏོང་སའི་བསམ་པའི་དཔལ་ཡོན་མཐོ་སར་ཧུར་ཐག་གིས་བསྐྲུན། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་རྩ་བ་ཚུགས་ཤིང་མེ་ཏོག་བཞད་ཅིང་། ཆོས་ལུགས་ལས་དོན་ཁག་འཆམ་མཐུན་བརྟན་བརླིང་། མཚོ་བོད་ས་མཐོའི་སྙིང་སྟོབས་ནས་ཡུས་ཧྲུའུ་ཀྱི་ཡོམ་འགོག་གནོད་སེལ་གྱི་སྙིང་སྟོབས་བར་དང་། ཨ་ཆེན་གངས་རྒྱབ་གཏན་སྲུང་གི་སྙིང་སྟོབས་བར་གསར་བརྗེའི་སྙིང་སྟོབས་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་ཡོད། “བཟང་པོ་ལྔའི”བརྗོད་དོན་གཙོ་བོ་གཙང་པོའི་འགོ་ཁུངས་ཀྱི་ས་གཞི་ཆེན་མོ་འདིརཁྱབ་ནས། ཡུས་ཧྲུའུ་མི་དམངས་ཀྱིས་སེམས་གཏིང་ནས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་ཀྱིན་ཡོད།
ལོ་ངོ70སོང་བའི་ཡུས་ཧྲུའུ་ལ་ཕྱིར་མིག་ཅིག་བལྟས་ན། ང་ཚོར་མྱོང་ཚོར་གཏིང་ཟབ་ཅིག་ཐོབ་པ་ནི་ཀྲུང་གོ་གུང་ཁྲན་ཏང་མེད་ན་ཡུས་ཧྲུའུ་གསར་བ་མེད་ལ། ཏང་གི་བཀའ་དྲིན་རྒྱ་མཚོ་ལས་གཏིང་ཟབ་ལ། ལྷག་བསམ་རྣམ་དག་གི་ཏང་ལ་དགའ་བ། ཡུས་ཧྲུའུ་མི་དམངས་ཀྱིས་ནམ་ཡང་ཏང་གི་བཀའ་དྲིན་མི་བརྗེད་པར་ཏང་གི་སྐད་ཆར་ཉན་པ། ཏང་གི་རྗེས་སུ་འབྲང་། མི་རིགས་མཐུན་སྒྲུལ་མེད་ན་ཡུས་ཧྲུའུ་གསར་བ་མེད་ལ། རིགས་མཐུན་རོགས་སྐྱོར་ཀྱི་བརྩེ་བ་རླབས་དང་མཚུངས་ལ། བཀའ་དྲིན་གྱི་བརྩེ་བ་གཙང་གསུམ་ཆུ་བོ་དང་མཚུངས། ཡུས་ཧྲུའུ་མི་དམངས་ནམ་ཡང་སེ་འབྲུའི་ཚི་གུ་བཞིན་དུ་རྒྱལ་ཡོངས་མི་དམངས་དང་བརྩེ་བ་དམ་པོར་སྦྲེལ་ཡོད་ལ། སྔོན་བྱོན་དཔའ་བོ་དག་གི་འབད་འཐབ་ཀྱི་གྲུབ་འབྲས་མེད་ན་ཡུས་ཧྲུའུ་གསར་བ་མེད། བློ་སྟོབས་ཆེར་སྐྱེད་ཀྱིས་མདུན་སྐྱོད་བྱས་ནས་དམར་པོའི་ཁྲག་རྒྱུན་ལ་བརྒྱུད་འཛིན་བྱེད་པ་དང་ཡུས་ཧྲུའུ་མི་དམངས་ཀྱིས་གསར་བརྗེ་སྙིང་སྟོབས་ལ་ནམ་ཡང་ཁྱིམ་བརྒྱུད་ནོར་བུ་བཞིན་དུ་གཅེས་སྐྱོང་དང་དར་སྤེལ་བྱེད། དུས་རབས་གསར་བར་རྒྱང་བལྟ་བྱས་ནས་འཐབ་ལམ་གསར་བར་སྤོབས་པས་སྐྱོད། ཏང་གི་ལོ་བརྒྱའི་འཁྲུངས་སྐར་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དབུ་བརྙེས་ནས་ལོ70འཁོར་བའི་རླབས་ཆེན་གྱི་དུས་སྐབས་འདིར། ལོ་ངོ་བརྒྱ་ཅན་གཉིས་ཀྱི་ལོ་རྒྱུས་ཀྱི་འབྲེལ་མཚམས་སུ་ཡུས་ཧྲུའུ་ཡིས་སྔར་ལས་ལྷག་པའི་མཐུན་སྒྲིལ་བྱས་ཏེ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་མཐའ་སྐོར་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་བློ་བརྟན་མགོ་ཁྲིད་འོག སྤྱི་ཚོགས་སྟེང་གི་ལས་རིགས་ཁག་སོ་སོའི་རྒྱབ་སྐྱོར་འོག་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་། གསར་སྐྲུན་གསར་འབྱེད་བྱས་ཏེ། དུས་རབས་གསར་བའི་ཡུས་ཧྲུའུ་གསར་བ་སྐྲུན་པར་ནུས་ཤུགས་ཡོད་རྒུས་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་བའི་ལེའུ་གསར་བ་འབྲི་དགོས་ལ། བདེ་ཐང་དང་དེང་རབས། བདེ་སྐྱིད་ཀྱི་ཡུས་ཧྲུའུ་གསར་བ་སྐྲུན་པར་འབད་བརྩོན་ལྷོད་མེད་བྱེད་དགོས།