མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ༧༠འཁོར་བའི་གྲུབ་འབྲས་བརྗོད་དོན་གྱི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་ཟི་ལིང་དུ་བསྡུས།
2021.07.20 ཁུངས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན། ཀློག་གྲངས། 42

ཟླ་བདུན་པའི་ཚེས་བཅུ་དགུ་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ༧༠འཁོར་བའི་གྲུབ་འབྲས་བརྗོད་དོན་གྱི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་ཟི་ལིང་དུ་བསྡུས་པ་དང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ཧུ་པཱོ་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ཞིང་ཕྱུགས་ཚན་རྩལ་ཅུའུ་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྲོང་གསེབ་དར་སྤེལ་ཅུའུ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སློབ་གསོ་ཅུའུ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུའུ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་བཅས་ཀྱི་འབྲེལ་ཡོད་མགོ་ཁྲིད་གྲོས་ཚོགས་ལ་ཞུགས་པ་དང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་དང་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཕྱི་ཕྱོགས་དྲིལ་སྒྲོག་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཀྲའོ་ཧུང་ཧོ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ལོ་ངོ་བདུན་ཅུའི་རིང་ལ། ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་སྟོང་འབར་བའི་གཟི་བྱིན་ཁྲོད་ཡུས་ཧྲུའུ་བོད་རིགས་ཁུལ་གྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་རྣམས་འབད་བརྩོན་ལྷོད་མེད་ངང་མདུན་བསྐྱོད་བྱས་ཏེ། མུན་ནག་ནས་འོད་སྣང་དང་། བཀག་སྡོམ་ནས་སྒོ་འབྱེད། དཀའ་ཁག་ནས་མཚར་སྡུག་ལྡན་པ། དབུལ་ཕོང་ནས་འབྱོར་འབྲིང་གི་ལམ་དུ་བསྐྱོད་པ་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཡུའུ་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་འཛུབ་སྟོན་དུ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། སྤྱི་ཁབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱས་པས་རྨང་གཞིའི་སྒྲིག་འཛུགས་མཐོར་འདེགས་བྱུང་བ་དང་ཐོན་ལས་སྒྲིག་གཞི་སྙོམས་སྒྲིག་བྱུང་བ། སྤྱི་ཚོགས་ལས་རིགས་འཕེལ་རྒྱས་སུ་ཕྱིན་པ། མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་སུ་སོང་བ། སྐྱེ་ཁམས་ཁོར་ཡུག་གི་རྣམ་པ་འགྱུར་བ་སོགས་འགྱུར་བ་ཆེན་པོ་བྱུང་ཡོད་པ་རེད། ལོ་ངོ་བདུན་ཅུའི་རྗེས་སུ་ཁུལ་ཡོངས་ཀྱི་གོང་འོག་བར་གསུམ་ཀུན་ཏུ་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་བསྒྱུར། སྐྱེ་ཁམས་སླར་གསོ། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་གཏན་འཇགས་ཀྱི་རྣམ་པ་བཟང་བོ་མངོན་ཡོད།

གསར་འགོད་པ། མི་ཕམ་མགོན་པོ།