མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་གཉིས་པ་ཟི་ལིང་དུ་ཚོགས་མགོ་བརྩམས།
2021.07.22 ཁུངས། ཀློག་གྲངས། 235

(གངས་ལྗོངས་མེ་ལོང་དྲ་བ་ནས་སྤེལ་བའི་གསར་འགྱུར། གསར་འགོད་པ། དཔལ་འཛོམས།)ཟླ་བདུན་པའི་ཚེས་ཉེར་གཉིས་ཉིན། “སྒོ་འབྱེད་མཉམ་ལས། ལྗང་མདོག་འཕེལ་རྒྱས”བརྗོད་དོན་གཙོ་བོར་ཡིན་པའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་གཉིས་པ་མཚོ་སྔོན་ཟི་ལིང་མཁར་དཀྱིལ་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་སུ་ཚོགས་མགོ་བརྩམས།             ཐེངས་འདིའི་མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་ཚོང་གཏམ་གྲོས་ཚོགས་ནི་རྒྱལ་ཁབ་ཀྱིས་ནུབ་རྒྱུད་གསར་སྤེལ་ཆེན་པོའི་འཐབ་ཇུས་ལག་ལེན་བསྟར་བའི་རྒྱབ་ལྗོངས་ཆེན་པོའི་འོག་གསར་འཛུགས་བྱས་པ་ཞིག་ཡིན་ལ། 2000ལོ་ནས་བཟུང་སྐབས་ཉེར་གཅིག་པའི་བར་གྲུབ་འབྲས་མི་དམན་པ་བླངས་ཡོད་ལ། ཚོགས་འདུའི་ཁྱད་ཆོས་གཙོ་བོ་ནི་གྲུབ་ཆ་ལེགས་སྒྲིག་དང་། ཤར་དང་ནུབ་རྒྱུད་མཉམ་ལས། ས་ཁོངས་དཔལ་འབྱོར་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་རྒྱུ་དེ་རེད། ཚོགས་འདུའི་ཐོག་ནུབ་རྒྱུད་ཞིང་ཆེན་དང་རང་སྐྱོང་ལྗོངས། ལྷག་པར་དུ་མཚོ་སྔོན་གྱིས་ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས་ཤར་ནུབ་རྒྱུད་ཀྱི་མཉམ་ལས་རྒྱ་ཁྱབ་ངང་སྤེལ་ཏེ། ནུབ་རྒྱུད་ཀྱི་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་དང་ཁྱད་ལྡན་དཔལ་འབྱོར་སྒྲིག་གཞི། འཛུགས་སྐྲུན། རྒྱལ་ཁབ་དཔལ་འབྱོར་འཐབ་ཇུས་ཀྱི་རང་བཞིན་ལྡན་པའི་བསྐྱར་སྒྲིག་མངོན་འགྱུར་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ལེགས་ལྡན་ཐོན་ཁུངས་གསར་སྤེལ། ཕྱི་ཕྱོགས་ལ་དྲིལ་བསྒྲགས་རྒྱ་སྐྱེད། ཚོང་འགུག་དངུལ་འདྲེན་གྱི་དམིགས་འབེན་མངོན་འགྱུར། ནུབ་རྒྱུད་གསར་སྤེལ་ཆེན་པོའི་འཐབ་ཇུས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ལ་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད།

ཐེངས་འདིའི་མཚོ་སྔོན་གྱི་ཚོང་གཏམ་གྲོས་ཚོགས་སྟེང་ཞུགས་མཁན་ཁེ་ལས་གཙོ་བོ་ཁག་གསུམ་ཡོད་པ་སྟེ། ལྗང་མདོག་འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོང་། ཁྱད་ལྡན་ཐོན་ལས་གཅིག་སྡུད། གསར་དར་ཐོན་ལས་ཀྱིས་འབྱུང་འགྱུར་གཏོད་པ་བཅས་རེད། ད་ལོར་གྲོས་མཐུན་འགོད་རྩིས་ཡོད་པའི་ལས་གཞི་བརྒྱ་དང་གོ་བདུན་དངོས་འབེབས་བྱས་ཤིང་། སྤྱིའི་དངུལ་གཏོང་སྒོར་མོ་ཐེར་ཆེན་དགུ་དང་ཐེར་འབུམ་དགུ་དུང་ཕྱུར་གཅིག་ལ་སླེབས་པ་དང་། གྲོས་མཐུན་འགོད་པའི་དམིགས་འབེན་དང་ལས་འགན་གྱི་བརྒྱ་ཆའི་གོ་དགུ་ཡོངས་འགྲུབ་བྱས།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་དང་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་སྤྱིའི་ཇུས་གཞི། རྩ་འཛུགས་བྱ་བའི་ཇུས་གཞིའི་བཀོད་སྒྲིག་ལྟར། ལག་བསྟར་ཨུ་ཡོན་ལྷན་ཁང་གི་པུའུ་དང་གཞུང་སྒྲུབ་ཁང་སོ་སོ་དང་ཁོངས་གཏོགས་ལས་ཁུངས་སོ་སོས་གྲ་སྒྲིག་བྱ་བ་སྣ་ཚོགས་ལག་བསྟར་བྱེད་ནས། གྲོས་ཚོགས་ལ་ཞུགས་པའི་འཐུས་མི་ཁྲི་གཅིག་དང་སྟོང་བཞི་ལྷག་ཡོད་ལ། བྱ་འགུལ་སྣ་ཚོགས་ཀྱི་དུས་ཚོད་དང་ས་གནས། ནང་དོན་གཙོ་བོ། གཏམ་བཤད་མགྲོན་པོ། དེ་མིན་གདན་ཞུའི་འཐུས་མི་སོགས་ཀྱི་བྱ་བ་རེ་རེ་བཞིན་བཀོད་སྒྲིག་ཚགས་སུ་ཆུད་ཡོད་པ་དང་། ཚོགས་ཆེན་གྱི་བྱ་འགུལ་སོ་དྲུག་བཀོད་སྒྲིག་བྱས་ཡོད།

ཐེངས་འདིའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ལ་མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་བསྡོམས་པས་ཉེར་དྲུག་ཞུགས་ཡོད་པ་དང་ཐོན་རྫས་དྲུག་ཅུ་ལྷག་འགྲེམ་སྟོན་བྱེད་ཀྱིན་འདུག དེ་ལས་གཞན་ལས་གཞིའི་འབྲེལ་མཐུད་དང་ཚོང་གཏམ་བྱ་བ་བཟང་བོར་བསྒྲུབ་ཆེད། མཚོ་སྔོན་ཞིང་ཆེན་གྱིས་མུ་མཐུད་དུ་གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་དང་ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་ལས་ཁུངས་ལ་མཐུན་སྦྱོར་བྱེད་པ་དང་། ཚོང་འགུག་དངུལ་འདྲེན་དམིགས་འབེན་དང་ལས་འགན་གཏན་འཁེལ་བྱས་ནས། ཐེངས་འདིའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྟེང་སྒོར་མོ་ཁྲག་ཁྲིག་གཅིག་གི་གྲོས་མཐུན་འགོད་པའི་དམིགས་འབེན་དང་ལས་འགན་དངོས་འབེབས་དང་འགན་སྲུང་བྱས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འཁོར་སྐྱོད་ཆེན་པོ”དང“འཁོར་རྒྱུག་གཉིས”ཀྱི་འཕེལ་རྒྱས་རྣམ་པའི་འདུ་ཤེས་འོག ཧྲང་ཧའེ་ཁྲང་ཉིན་ཆུས་སྲིད་གཞུང་གིས་སྣེ་ཁྲིད་པ་དང་། ཁྲང་ཉིན་ཆུས་ཁེ་ལས་ནང་ཞུགས་པ། མཚོ་སྔོན་གྱི་ཚོང་གཏམ་གྲོས་ཚོགས་གཙོ་གཉེར་ཕྱོགས་ཀྱིས་རྒྱབ་སྐྱོར་བྱས་པ་བརྒྱུད། ད་ཐེངས་འགྲེམས་ཚོགས་ནང་ཞུགས་ཡོད་པའི་ཁེ་ལས་ཀྱིས་ས་གནས་དེ་གའི་ལྗང་མདོག་དང་འཕེལ་རྒྱས་གཉིས་ཕན་གྱི་རྣམ་པ་ཞིག་གཏོད་ཐུབ་རྒྱུའི་ཡིད་ཆེས་ཡོད། ཁྲང་ཉིན་ཆུས་གཙོས་ཧྲང་ཧའེ་གྲོང་ཁྱེར་གྱིས་མཚོ་སྔོན་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་པ་རེད།