(གངས་ལྗོངས་མེ་ལོང་དྲ་བ་ནས་སྤེལ་བའི་གསར་འགྱུར། གསར་འགོད་པ། དཔལ་འཛོམས།)མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་གློག་ཚོང་སྟེགས་བུ“སྤྲིན་ཐོག་གི་མགོ་ལོག”འགྲེམས་ཁུལ་གྱི་ཁྱབ་བསྒྲགས་ངོ་སྤྲོད་ཚོགས་ར་ནས་གསར་འགོད་པས་ཤེས་རྟོགས་བྱུང་པར་གཞིགས་ན། “སྤྲིན་ཐོག་གི་མགོ་ལོག”ཚོང་འདྲེན་བྱས་ནས་ལོ་གཅིག་སོང་ཚུན་ཐོག་མཐའ་བར་གསུམ་དུ“ཀུན་སྤྱོད་དང་བསམ་བློའི་སྙིང་སྟོབས”མཐའ་འཁྱོངས་བྱས་ཡོད་པ་རེད།
ཁོང་ཚོར་ཕུགས་འདུན་ཆེན་པོ་ཡོད་པ་དང་། ཏན་ཏན་ཏིག་ཏིག་ཡིན་པ། ཁེ་ལས་ལ་བརྟེན་ནས་དབུལ་ཕོངས་ལ་རོགས་སྐྱོར་བྱེད་པ། རྩལ་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས། མིག་སྔར་གཞི་གྲངས་མཐོང་རྒྱ་ཅན་གྱི་གློག་ཀླད་མ་ལག་གསར་སྤེལ་དང་། “སྤྲིན་ཐོག་གི་མགོ་ལོག”ཞེས་པའི་ཚོང་གྲོང་གི་མ་ལག་ཚང་བའི་དམངས་ཕན་འཚོ་བའི་ཞབས་ཞུའི་རྣམ་པ་བསྐྲུན་ཟིན་པ་དང་། སྲིད་གཞུང་དང་ཁེ་ལས་མཉམ་ལས་རོགས་རེས་དེ་བས་མངོན་འགྱུར་ཐུབ་ཡོད་པ་རེད།
མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས22པར་མར་ལོ་ཚད་ཡོད་སྤྱི་གཉེར་ཁང་གི་སྤྱིའི་འགན་འཛིན་པ་བྷ་ཡོས་གསར་འགོད་པར་བཤད་རྒྱུར“མཚོ་སྔོན་གྱི་ཚོང་གཏམ་གྲོས་ཚོགས་སྟེང་ངའི་ཐོན་རྫས་ཚོང་ལས་ཀྱི་ལམ་ཁར་གསར་བར་བསྙེག་པ་དང་། ཚོང་ལས་ཀྱི་ཐབས་ལམ་རྒྱ་ཆེར་སོང་བ། ཐོན་རྫས་ཀྱང་གསར་བརྗེས་བྱས་པས་རིམ་པ་མཐོ་རུ་ཕྱིན་སོང་ཟེར།
གོམ་སྟབས་རྗེས་མར།“སྤྲིན་ཐོག་གི་མགོ་ལོག”ཞེས་པའི་ཁྲོམ་ར་ཅན་གྱི་རྣམ་པ་སྒུལ་ཤུགས་གཙོ་བོར་བྱས་ཏེ། གཞུང་ཕྱོགས་ཀྱི་སྨྱན་བྱད་གསར་པར་ལག་གདང་སྦྲེལ་ནས། དཔེར་ན་འཁྱུག་དབྱིངས་བཅས་ཀྱི་དྲ་ལམ་ཐད་གཏོང་ནས་མགོ་ལོག་ཁུལ་གྱི་དམངས་ཡོངས་ཀྱིས་ཚོང་ཟོག་ཚ་རླབས་འཕྱུར་བར་རེ་ལྟོས་དང་། ས་ཁུལ་གྱི་དྲ་ཐོག་དཔལ་འབྱོར་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་མགོ་ལོག་དྲ་ཐོག་ཚོང་དོན་གྱི་རྣམ་པ་དངོས་གཉེར་གོང་མཐོར་གཏོང་རྒྱུ་རེད།