མཚོ་ལྷོ་ཁུལ་གྱི་ཆེད་དོན་གན་རྒྱ་བཞག་པ་དང་ཞིང་ཕྱུགས་ཐོན་རྫས་གྲགས་ཅན་གྱི་སྒྲོག་སྤེལ་ཚོགས་འདུ་བསྡུས།
2021.07.23 ཁུངས། ཀློག་གྲངས། 58

(གངས་ལྗོངས་མེ་ལོང་དྲ་བ་ནས་སྤེལ་བའི་གསར་འགྱུར། གསར་འགོད་པ། དཔལ་འཛོམས།)མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་གཉིས་པའི་སྟེང་མཚོ་ལྷོ་ཁུལ་གྱི་ཆེད་དོན་གན་རྒྱ་བཞག་པ་དང་ཞིང་ཕྱུགས་ཐོན་རྫས་གྲགས་ཅན་གྱི་སྒྲོག་སྤེལ་ཚོགས་འདུ་བསྡུས།

མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས22པའི་དམིགས་ཡུལ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་བརྟག་ཞིབ་གནང་སྐབས་བཏོན་པའི“ས་ཆ་བཞིའི”འཛུགས་སྐྲུན་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། གསར་གཏོད། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ལ་བརྟེན་ནས། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་རྣམ་པ་གསར་པ་ཕྱོགས་ཡོངས་ནས་རྒྱ་ཆེར་བཏང་སྟེ། ཅང་སུའུ་ཞིང་ཆེན་དང་དེ་བཞིན་རྒྱལ་ཡོངས་ཀྱི་ས་ཁོངས་མང་པོ། ཁྱབ་ཁོངས་མང་པོ།  སྒོ་འབྱེད་གཏིང་ཟབ་པ། དངོས་སྒྲུབ་བཅས་ཀྱི་སྤེལ་རེས་འགྲོ་འོང་དང་མཉམ་འདྲེས་བྱེད་པ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཐོན་ཁུངས་ཀྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆ་ཕྱོགས་ཡོངས་ནས་དྲིལ་བསྒྲགས་དང་འོས་སྦྱོར་བྱས་ཏེ་ཐུན་མོང་ཐོག་མཉམ་དུ་འཕེལ་རྒྱས་དོན་གཉེར་བྱ་རྒྱུ་རེད།

སྐབས་འདིའི་མཚོ་སྔོན་མ་འཇོག་ཁོར་ཡུག་གི་གསལ་བཤད་དང་། གཙོ་གནད་རྣམ་གྲངས་འོས་སྦྱོར་ཚོགས་འདུ་དང་གན་རྒྱ་འཇོག་པའི་མཛད་སྒོ་ཧའེ་ནན་ཐོན་ཁུངས་ཀྱི་ལེགས་ཆ་དང་། ས་ཆ་གཞན་གྱི་མ་དངུལ་ལག་རྩལ་དངོས་ཤུགས་ལ་གཞི་ཚུགས་ཏེ། ས་ཁུལ་གྱི་ལེགས་ཆ་གསབ་རེས་དང་གཉིས་ཕན་གཉིས་ཁེའི་རྩ་དོན་ལ་གཞིགས་ནས་དེང་རབས་སྣོད་བཅུད་ཞིང་འབྲོག་ལས་དང་། ནུས་རྒྱུ་གཙང་མ་གསར་པ་དང་། དེ་བཞིན་སྒྲིག་ཆས་བཟོ་སྐྲུན། ས་མཐོའི་རིག་གནས་ཡུལ་སྐོར། གཞི་གྲངས་ཆེན་མོ་དང་ཆ་འཕྲིན་ལག་རྩལ་ཞབས་ཞུ་ཐད་ཀྱི་ཐོན་ལས་རྣམ་གྲངས་གཙོ་གནད་ཐོག་འོས་སྦྱོར་བྱས་པ་རེད།

སྒྲོག་སྤེལ་ཚོགས་འདུའི་སྟེང་མ་འཇོག་རྣམ་གྲངས33ལ་གྲུབ་འབྲས་ཐོབ་པའི་སྒོ་ནས་གན་རྒྱ་བཞག་པ་དང་། གན་འཇོག་བསྡོམས་འབོར་སྒོར་དུང་ཕྱུར47.36ཟིན་ཡོད། ད་ཐེངས་ཀྱི་གན་འཇོག་དེས་མཚོ་ལྷོ་ཁུལ་ལ་སྒུལ་ཤུགས་ཆེན་པོ་བསྣན་ནས་མ་འཇོག་ཁེ་ལས་འཕེལ་རྒྱས་ཐད་སྔར་ལས་རྒྱ་ཆེ་བའི་བར་སྟོང་འདོན་སྤྲོད་བྱས་ཏེ། གཉིས་ཕན་མཉམ་རྒྱལ་དང་མཉམ་རྒྱལ་འཕེལ་རྒྱས་མངོན་འགྱུར་བྱས།