ཚྭ་ཁ་ཚྭ་མཚོ་ལྗོངས་རྒྱུ་ཁུལ་གྱིས་པེ་ཅིང་ནས་ཆེད་དོན་ངོ་སྤྲོད་ཚོགས་འདུ་བསྡུས།
2021.08.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཟླ་བདུན་པའི་ཚེས་ཉེར་བདུན་ཉིན། མཚོ་སྔོན་ནུབ་རྒྱུད་གཏེར་ལས་རིག་གནས་གནས་སྐོར་ཚད་ཡོད་ཀུང་ཟིས་སེམས་ཁོང་གི་གསང་གནས་ནུབ་རྒྱུད་དུ་བསྐྱོད་པའི་ནུབ་རྒྱུད་གཏེར་ལས་རིག་གནས་ཐོན་ཁུངས་པེ་ཅིང་ཆེད་དོན་ངོ་སྤྲོད་ཚོགས་འདུ་བྱ་འགུལ་པེ་ཅིན་ནས་བསྡུས། ཡུལ་དངོས་ནས། པེ་ཅིང་གྲོང་ཁྱེར་གནས་སྐོར་ལས་རིགས་མཐུན་ཚོགས་དང་པེ་ཅིང་ཁའེ་སཱ་རྒྱལ་སྤྱི་གནས་སྐོར་ཁང་སོགས་གནས་སྐོར་སྡེ་ཁག་བརྒྱད་ཀྱིས་ནུབ་རྒྱུད་གཏེར་ལས་རིག་གནས་གནས་སྐོར་ཚད་ཡོད་ཀུང་ཟི་དང་གྲོས་མཐུན་བཀོད་དེ་མཉམ་ལས་ཀྱི་འདོད་བློ་བྱུང་།

མཚོ་སྔོན་ནུབ་རྒྱུད་གཏེར་ལས་རིག་གནས་གནས་སྐོར་ཚད་ཡོད་ཀུང་ཟིས་རྒྱལ་ནང་གི་དྲ་གྲགས་ལྗོངས་རྒྱུ་ཁུལ་ཏེ་ཚྭ་ཁ་ཚྭ་མཚོ་ལྗོངས་རྒྱུ་ཁུལ་འཛུགས་སྐྲུན་བྱས་རྗེས། ཀུང་ཟིས་ཧུར་ཐག་གིས་ཞིང་ཆེན་ཕྱི་ནང་གི་གནས་སྐོར་ལས་གཞི་རྒྱ་སྐྱེད་པ་དང་། ཐོན་ལས་དངུལ་གཏོང་དང་ནང་དོན་གསར་གཏོད། ཆ་སྡེབས་ཐོན་རྫས་བཅས་ཟུང་འབྲེལ་བྱས་ནས། ཐོན་ལས་སྒུལ་ནུས་གསར་བ་སྐྱེད་སྲིང་བྱས།

ཚ་བ་ཆེ་བའི་དབྱར་དུས་སུ། ཆ་སྙོམས་ཀྱིས་དྲོད་ཚད་ཉི་ཤུ་ཡས་མས་ཀྱི་མཚོ་སྔོན་ནི་ཚ་གཡོལ་བྱེད་ས་བཟང་བོ་ཞིག་ཡིན་ལ། དེ་དང་མཉམ་དུ། རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ས། བྱེ་ཐང་། འཁྱགས་དར་སོགས་སྐྱེ་ཁམས་རང་བྱུང་མཛེས་ལྗོངས་ཡོད་པས། ཡུལ་གནས་ཁྱད་དུ་འཕགས་ཤིང་རིག་གནས་སྣ་མང་བའི་རབ་མཛེས་མཚོ་སྔོན་ལ་པེ་ཅིང་གི་གནས་སྐོར་ཁང་བརྒྱ་ཕྲག་ལྷག་གི་དོ་སྣང་ཐོབ། གཞི་གྲངས་ལས་མངོན་པ་ལྟར་ན། ལོ་སྟོད་དུ། ཞིང་ཆེན་ཡོངས་ཀྱི་གནས་སྐོར་བ་བྱེ་བ་གཅིག་དང་ས་ཡ་བདུན་འབུམ་བཞི་སྟོང་བཞི་སྣེ་ལེན་བྱས་པ་དང་། དེ་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་རེ་བརྒྱད་གྲངས་ཆུང་བརྒྱད་འཕར་སྣོན་བྱུང་བ་དང་། གནས་སྐོར་སྤྱིའི་ཡོང་སྒོ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་ལྔ་དུང་ཕྱུར་གསུམ་བྱེ་བ་ལྔར་སླེབས།

རིན་ཆེན་མཚོས་བསྒྱུར།