གུང་གཞོན་ཚོགས་པ་ཀྲེ་ཅང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་རེ་བའི་བཟོ་སྐྲུན་ཐད་སྒོར་ས་ཡ་གཅིག་ཞལ་འདེབས་སུ་ཕུལ།
2021.08.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་བརྒྱད་པའི་ཚེས་གཉིས་ཉིན། གསར་འགོད་པས་གུང་གཞོན་པ་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ། ཀྲེ་ཅང་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་དང་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་སོགས་མཚོ་སྔོན་ན་གཞོན་ལས་སྐྲུན་ར་བར་སོང་ནས། གུང་གཞོན་ཚོགས་པ་ཀྲེ་ཅང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཞལ་འདེབས་མཛད་སྒོ་བསྡུས། མཛད་སྒོའི་སྟེང་། གུང་གཞོན་ཚོགས་པ་ཀྲེ་ཅང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་ན་གཞོན་ལོ་ཆུང་འཕེལ་རྒྱས་ཐེབས་རྩ་ཚོགས་པར་ན་གཞོན་ལོ་ཆུང་གི་སྨན་བཅོས་རོགས་སྐྱོར་རྣམ་གྲངས་ཐད་སྒོར་འབུམ་ལྔ་ཞལ་འདེབས་སུ་ཕུལ་བ་དང་། རེ་བའི་གཞི་གྲངས་རིག་སྟོབས་སློབ་ཁང་རྣམ་གྲངས་ཐད་སྒོར་འབུམ་ལྔ་ཞལ་འདེབས་སུ་ཕུལ།

རྒྱུས་ལོན་བྱུང་བ་ལྟར་ན། ན་གཞོན་ལོ་ཆུང་གི་སྨན་བཅོས་རོགས་སྐྱོར་ནི2019ལོར་མཚོ་སྔོན་ཞིང་ཆེན་ན་གཞོན་ལོ་ཆུང་འཕེལ་རྒྱས་ཐེབས་རྩ་ཚོགས་པས་ཀྲེ་ཅང་མཚོ་སྔོན་ཞིང་ཆེན་ཐེབས་རྩ་ཚོགས་པས་དབུལ་ཐར་མཁྲེགས་གཏོར་སྐུལ་འདེད་གཏོང་བའི་རོགས་སྐྱོར་ལས་གཞི་བརྩོན་ལེན་བྱས་ནས། གློ་བུར་དུ་རྨས་ཕོག་པ་དང་ནད་ལྕི་མོ་བྱུང་བ། ཁྱིམ་ཚང་གི་དཔལ་འབྱོར་དཀའ་ཁག་ཆེ་བའི་ལོ་བཅོ་བརྒྱད་མན་གྱི་ན་གཞོན་ལོ་ཆུང་ལ་རོགས་བྱས་པ་དང་། ཁོ་ཚོར་སྨན་བཅོས་བྱེད་པའི་ཐད་རོགས་བྱས་པས། ཁོ་ཚོའི་དཀའ་ཁག་དངོས་ཐག་བཅད་པ་མ་ཟད། དབུལ་ཐར་མཁྲེགས་གཏོར་ཐད་བྱས་རྗེས་ཆེན་པོ་བཞག བཞུགས་མོལ་ཚོགས་འདུའི་སྟེང་། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་བསོད་ནམས་བདེ་སྐྱིད་ཀྱིས་གུང་གཞོན་ཚོགས་པ་ཀྲེ་ཅང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་དུས་ཡུན་རིང་བོར་རང་ཞིང་གི་ན་གཞོན་ལོ་ཆུང་བདེ་ཐང་ངང་འཚར་ལོངས་བྱུང་བར་བཀའ་དྲིན་ཞུས་པ་མ་ཟད་རྗེས་ཕྱོགས་ཀྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་ཐད་གྲོས་གཞི་གལ་ཆེན་བཏོན་པ་དང་། ཕྱོགས་གཉིས་ཀྱི་འགོ་ཁྲིད་ཀྱིས་ཀྱང་རྗེས་ཕྱོགས་སུ་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་ཐད་བརྗེ་རེས་ཟབ་མོ་བྱས་ནས་ན་གཞོན་ལོ་ཆུང་གི་འཕེལ་རྒྱས་ལ་ཕན་འདོགས་ཐུབ་པར་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ན་གཞོན་ལོ་ཆུང་འཕེལ་རྒྱས་ཐེབས་རྩ་ཚོགས་པས་དངུལ་གསོག་དཀའ་བའི་གནད་དོན་ཐད་ནས་ཀྱང་འོས་འཚམ་གྱི་གྲོས་གཞི་འགའ་བཏོན། རང་ཞིང་གི་ཐེབས་རྩ་ཚོགས་པས་གུང་གཞོན་ཚོགས་པ་ཀྲེ་ཅང་ཞིང་ཆེན་ཨུ་ཡོན་ལྷན་ཁང་ལ་བཀའ་དྲིན་ཞུས་པ་དང་། ཞལ་འདེབས་ཀྱི་དོན་སྙིང་ནི་དངོས་ཟོག་གི་རོགས་འདེགས་ཙམ་མིན་པར། བསམ་པའི་སྟེང་ནས་ཀྱང་རང་ཞིང་གི་ན་གཞོན་ལོ་ཆུང་ལ་སྐུལ་འདེད་དང་སྐུལ་སློང་བྱས་ཡོད།

རིན་ཆེན་མཚོས་བསྒྱུར།