ཧུ་ནན་རྫོང་གི་ན་ཏམ་སྤྲོ་ཚོགས་ཚོགས་མགོ་བརྩམས།
2021.08.03 ཁུངས། ཀློག་གྲངས། 47

ཟླ་བརྒྱད་པའི་ཚེས་གཅིག་ཉིན། མཚོ་སྔོན་རེབ་གོང་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གསུམ་པའི་མུ་འབྲེལ་བྱེད་སྒོ་ཧུ་ནན་སོག་རིགས་རང་སྐྱོང་རྫོང་གིས་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་བརྟེན་འབྲེལ་ཞུ་བའི་མཛད་སྒོའམ་ན་ཏམ་སྤྲོ་ཚོགས་སྐབས་ཉེར་གཉིས་པ། ཐེན་ཅོ་རྟགས་མའི་སྲོལ་རྒྱུན་རྟ་རྒྱུགས་འགྲན་སྡུར་དེ་ཐིན་ཀི་ཨར་རྟ་རྒྱུགས་ར་བར་གཟབ་རྒྱས་ངང་མགོ་བརྩམས།

ན་ཏམ་ཞེས་པ་ནི་སོག་སྐད་དུ་རོལ་རྩེད་ཀྱི་དོན་ཡིན་ལ། སྤྲོ་དགའི་སེམས་པ་མཚོན་བྱེད་ཡིན་པར་མ་ཟད། སོག་པོའི་མི་དམངས་སྤྲོ་བའི་མི་རིགས་ཀྱི་ཁྱད་ཆོས་དང་ས་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་སྲོལ་རྒྱུན་གྱི་བྱེད་སྒོ་ཞིག་ཡིན་པ་རེད། ཧུ་ནན་ན་ཏམ་སྤྲོ་ཚོགས་ནི་གཙོ་བོ་རྟ་རྒྱུགས་དང་སྦེ་ག་འགྲན་པ། མདའ་འཕེན་བཅས་བྱེད་སྒོ་གསུམ་གཙོ་བྱས་པའི་རྨང་གཞིའི་སྟེང་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམས་སྟོན་དང་ཡིག་གཟུགས། དམངས་གླུ་སོགས་ཀྱི་རིག་རྩལ་བྱེད་སྒོ་མང་པོས་གྲུབ་པ་ཞིག་རེད།

མི་ཕམ་མགོན་པོས་བསྒྱུར།