ཉེ་ལམ། གསར་འགོད་པས་ཞིང་ཆེན་ཁྲིམས་འཛིན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཁྲིམས་འཛིན་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན་གཉིས་ཀྱིས་མཉམ་འབྲེལ་སྒོས་བཅའ་ཁྲིམས་རོགས་སྐྱོར་ཁ་གསབ་ཚད་གཞི་འཐུས་ཚང་དུ་གཏོང་བའི་སྐོར་གྱི་བརྡ་ཐོ་འགྲེལ་སྤེལ་བྱས།
བརྡ་ཐོ་ལས་བཅའ་ཁྲིམས་རོགས་སྐྱོར་ཁ་གསབ་ཀྱི་འབྱུང་ཁུངས་དང་གྲུབ་ཚུལ་དང་བཅའ་ཁྲིམས་རོགས་སྐྱོར་ཁ་གསབ་ཀྱི་ཁྱབ་ཁོངས། བཅའ་ཁྲིམས་རོགས་སྐྱོར་ཁ་གསབ་བྱེད་ཡུལ། བཅའ་ཁྲིམས་རོགས་སྐྱོར་ཁ་གསབ་ཚད་གཞི། བྱ་བའི་རེ་བ་བཅས་ཕྱོགས་ལྔ་ནས་བཅའ་ཁྲིམས་རོགས་སྐྱོར་ཁ་གསབ་གྱི་གྲུབ་ཚུལ་གཏན་འཁེལ་གསལ་བོ་བྱས། ཁྲིམས་འཛིན་པུའུ་དང་ནོར་སྲིད་པུའུ་ཡི་བསམ་འཆར་དགོངས་དོན་ལྟར། བཅའ་ཁྲིམས་རོགས་སྐྱོར་ཁ་གསབ་དེ་གྲོས་གཞི་སྒྲུབ་པའི་མ་རྩའི་ཐད་ཀའི་གྲོན་དངུལ་དང་གཞི་རྩའི་ངལ་རྩོལ་གྲོན་དངུལ་རིགས་གཉིས་སུ་བགར་ཡོད་པ་དང་། བཅའ་ཁྲིམས་རོགས་སྐྱོར་ཐད་མཁོ་བའི་འགྲོ་གྲོན་ཚང་མ་རིམ་པ་གཅིག་མཚུངས་ཀྱི་ནོར་སྲིད་སྔོན་རྩིས་ཁྲོད་དུ་འཇོག་དགོས་པ་ནན་གྱིས་བསྟན་ཡོད་ལ། ཁ་གསབ་གཞི་ཁྱོན་གཏན་འཁེལ་གསལ་བོ་བྱས་ཡོད།
བཀྲ་ཤིས་འབུམ་གྱིས་བསྒྱུར།