མཚོ་ནུབ་ཁུལ་གྱིས་ཞོད་འགོག་དུས་སྐབས་ཀྱི་བདེ་འཇགས་འགོག་སྲུང་བྱ་བར་ཁྱོན་ཡོངས་ནས་ཤུགས་བསྣན།
2021.08.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་སྲུང་བྱེད་ཆེད། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ལས་ཁུངས་མང་པོས་མཉམ་འབྲེལ་སྒོས་འགུལ་སྐྱོད་སྤེལ་ཏེ། ནུས་ལྡན་བྱེད་ཐབས་སྤྱད་པ་དང་ཞོད་འགོག་དུས་སྐབས་ཀྱི་བདེ་འཇགས་འགོག་སྲུང་བྱ་བར་ཁྱོན་ཡོངས་ནས་ཤུགས་བསྣན།

གནམ་གཤིས་དང་ཆུ་བེད་ལས་ཁུངས་ཀྱིས་མཉམ་འབྲེལ་སྒོས་ཞོད་འགོག་བྱ་བའི་ཚོགས་བཙུགས་ཏེ། དུས་ལྟར་གནམ་གཤིས་དང་ཆར་འབབ་གནས་ཚུལ་ཚད་ལེན་ཆ་འཕྲིན་མཉམ་སྤྱོད་བྱས་པ་དང་། གནམ་གཤིས་དང་ཆུ་ལོག་གི་གནོད་འཚེ་ལྟ་ཞིབ་ཚད་ལེན་བྱས་པའི་སྔོན་བརྡའི་ཆ་འཕྲིན་ཁྱབ་སྒྲོག་བྱེད་པའི་མཉམ་སྤྱོད་རྐྱེན་སྲོལ་ཆ་ཚང་དུ་བཏང་བར་མ་ཟད། སྤྱི་ཐུན་ཐོན་ཁུངས་འདོན་སྤེལ་གང་ལེགས་བྱས་ཏེ་གནོད་འཚེ་རང་བཞིན་གྱི་གནམ་གཤིས་དང་ཆར་ཆུ་མང་པོའི་གནས་ཚུལ་ལ་བརྟག་དཔྱད་ཚད་ལེན་དང་སྔོན་བརྡ་བཏང་།

རྒྱུས་ལོན་བྱུང་བ་ལྟར་ན། མཚོ་ནུབ་ཁུལ་རྒུད་སྐྱོབ་དངོས་རྫས་གསོག་འཇོག་ལྟེ་གནས་ཀྱིས་སྦྲ་གུར་གྱི་རིགས་དང་ཉལ་ཐུལ་ཀྱི་རིགས། གྱོན་ཆས་རིགས། གློག་སྒྲོན་སོགས་རིགས་ཆེན་པོ་དྲུག་གི་དངོས་རྫས་སྣ་ཁ་ཉེར་བཞིའི་རྒུད་སྐྱོབ་དངོས་རྫས་གསོག་འཇོག་བྱས་ཏེ། གནོད་ཐེབས་མང་ཚོགས་ཁྲི་གཉིས་ལྷག་ཐེངས་གཅིག་རང་བཞིན་སྒོས་གནས་སྤོར་བཀོད་སྒྲིག་བྱེད་པའི་གནད་དོན་ཐག་གཅོད་ཐུབ། ཁུལ་ཞོད་འགོག་ཐན་སེལ་བཀོད་འདོམས་པུའུ་གཞུང་སྒྲུབ་ཁང་གིས་ཧུར་ཐག་སྒོས་ནོར་སྲིད་ལས་ཁུངས་ལ་མཐུན་སྦྱོར་འབྲེལ་མཐུད་བྱས་ཏེ། ཁུལ་རིམ་པའི་ཞོད་འགོག་དངོས་རྫས་ཉོ་སྡུད་བྱེད་པའི་མ་དངུལ་སྒོར་ས་ཡ་གསུམ་ལྷག་དངོས་འབེབས་བྱེད་པར་བརྩོན་ལེན་བྱེད་བཞིན་ཡོད།

                                                                                                   བཀྲ་ཤིས་འབུམ་གྱིས་བསྒྱུར།