ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན་གྱིས་རིམས་ནད་འགོག་བཅོས་བྱེད་ཐབས་ལག་བསྟར་བྱས་ཏེ་རིག་གནས་དང་གནས་སྐོར་ཚོང་རའི་བདེ་འཇགས་བརྟན་བརླིང་དང་གོ་རིམ་ལྡན་པར་འགན་སྲུང་བྱས།
2021.08.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

རང་ཞིང་གི་རིག་གནས་དང་གནས་སྐོར་ཚོང་རའི་བདེ་འཇགས་བརྟན་བརླིང་དང་གོ་རིམ་ལྡན་པར་འགན་སྲུང་བྱེད་ཆེད། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་རིག་གནས་དང་གནས་སྐོར་ལས་ཁུངས་ཀྱིས་རིམས་ནད་འགོག་བཅོས་བྱ་བ་དེ་དེང་སྐབས་ཀྱི་བྱ་བ་གཙོ་བོར་བཟུང་སྟེ་ཁྱབ་ཁོངས་གཙོ་བོའི་མི་འདང་ས་གཙོ་གནད་དུ་འཛིན་པ་དང་། རིམས་ནད་འགོག་བཅོས་ཀྱི་བྱེད་ཐབས་སྣ་ཚོགས་དངོས་འབེབས་བཟང་བོ་བྱས་ཤིང་། རིམས་ནད་འགོག་བཅོས་བྱ་བའི་ཁྲོད་དུ་གནས་པའི་ཞན་ཆ་དང་མི་འདང་སར་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་ནས། རང་ཞིང་གི་རིག་གནས་དང་གནས་སྐོར་ཚོང་རའི་བདེ་འཇགས་བརྟན་བརླིང་དང་གོ་རིམ་ལྡན་པར་འགན་སྲུང་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན་གྱིས་དུས་ཐོག་ཏུ་རིམས་ནད་ཚབས་ཆེན་དུ་འགྱུར་བར་དམིགས་ཏེ་བྱ་བའི་གནད་ཆེ་ས་ལེགས་སྒྲིག་བྱས་པ་དང་། འཕྲལ་བསྟུན་རྐྱེན་སྲོལ་དང་བྱ་བའི་གསལ་ཁྲ་འཛུགས་པ་དང་ཆ་ཚང་དུ་བཏང་ནས་སྔོན་འགོག་བྱེད་ཐབས་སྔར་ལས་འཐུས་ཚང་དུ་བཏང་། ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན་གྱིས་ཆེད་དོན་ལྟ་སྐུལ་མཛུབ་སྟོན་ཞིབ་བཤེར་ཚན་ཁག་བརྒྱད་བཙུགས་ཏེ།  ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་ནུབ། མཚོ་བྱང་། རྨ་ལྷོ། མཚོ་ལྷོ་སོགས་ས་ཁུལ་གྱི་རིག་གནས་གནས་སྐོར་སྲིད་འཛིན་ལས་ཁུངས་དང་མཉམ་དུ་ས་ཁུལ་དེའི་ཁོངས་སུ་གཏོགས་པའི་ལྗོངས་རྒྱུ་བྱེད་ས་གཙོ་བོ་དང་ལྗོངས་རྒྱུའི་ཚོང་རྫས་བདག་གཉེར་བྱེད་ས། རིག་གནས་ཚོང་རའི་བདག་གཉེར་ལས་ཁུངས་སོགས་ལ་ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་བྱས། མིག་སྔའི་བར་དུ་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་རིག་གནས་ཚོང་རའི་ཁྲིམས་སྐྱོང་ལས་ཁུངས་ཀྱི་ཁྲིམས་འཛིན་པ་མི་ཐེངས་སྟོང་གསུམ་དང་དགུ་བརྒྱ་གོ་དྲུག་མངགས་ཏེ། རིག་གནས་གནས་སྐོར་ཚོང་རའི་བདག་གཉེར་ལས་ཁུངས་སྟོང་གཅིག་དང་སུམ་བརྒྱ་དོན་བདུན་ལ་ཞིབ་བཤེར་བྱས་ནས། རིགས་སོ་སོའི་གནད་དོན་ཉི་ཤུ་ལྷག་རྩད་ཆོད་པ་དང་དག་ཐེར་ལེགས་སྒྱུར་བྱས།

བཀྲ་ཤིས་འབུམ་གྱིས་བསྒྱུར།