ཐུན་ཏེ་རྫོང་གིས་དོན་དངོས་བསྒྲུབ་ནས་མང་ཚོགས་ཡིད་ཚིམ་པར་བྱས།
2021.08.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

དོན་དངོས་བསྒྲུབ་ནས་མང་ཚོགས་ཡིད་ཚིམ་པར་བྱེད་པ་དང་། སེམས་ཞིབ་མོས་མང་ཚོགས་ཀྱིས་སེམས་ཁུར་བྱས་པའི་དོན་དག་དང་དཀག་ཁག་ཐག་གཅོད་ཆེད། ཐུན་ཏེ་རྫོང་གིས་གྲོང་གསེབ་དར་སྤེལ་དཔེ་སྟོན་སྡེ་བ་བཙུགས་པ་དང་དངུལ་རྩའི་རྒྱབ་སྐྱོར། རྩལ་ནུས་གསོ་སྦྱོང་འཛིན་གྲྭ་བརྒྱུད་དེ་རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཁོར་ཡུག་མཐོར་འདེགས་བཏང་སྟེ། མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་བཏང་།

ཐུན་ཏེ་རྫོང་གིས་མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་དགུ་འབུམ་གསུམ་ཁྲི་བརྒྱད་སྟོང་དགུ་དང་བརྒྱ་བཏང་ནས་ཐང་མགོ་གྲོང་རྡལ་གཡག་ལུང་སྡེ་བ་དང་རྐ་འབའ་སུམ་མདོ་གོང་མ་སྡེ་བ། བད་ཁོ་སྡེ་བ་བཅས་ཞིང་ཆེན་རིམ་པའི་གྲོང་གསེབ་དར་སྤེལ་དཔེ་སྟོན་སྡེ་བ་གསུམ་དང་ཐང་མགོ་གྲོང་རྡལ་ན་རིན་སྡེ་བའི་ཞིང་ཆེན་རིམ་པའི་གྲོང་གསེབ་དར་སྤེལ་གནས་སྐོར་དཔེ་སྟོན་སྡེ་བ་འཛུགས་སྐྲུན་བྱས་པ་དང་། ས་དེའི་ཕུན་སུམ་ཚོགས་པའི་ཐོན་ཁུངས་བེད་སྤྱད་དེ་ནོར་གནག་བོད་ལུག་གསོ་སྤེལ་གཞིས་ཁུལ་དང་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན། ཆུ་འདོན་སྒྲིག་ཆས་སོགས་ལས་གཞི་འཛུགས་སྐྲུན་བྱས་ནས། སྡེ་བ་རིམ་པའི་ཐོན་ལས་འཕེལ་རྒྱས་སུ་བཏང་བ་དང་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་བཏང་། མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་ལེགས་བསྒྱུར་བྱེད་པ་དང་། འཚོ་བའི་སྤུས་ཚད་མཐོར་འདེགས་གཏོང་བ། མང་ཚོགས་ཀྱི་སེམས་ཁུར་བྱེད་པའི་བྱ་བ་དག་བཟང་བོར་བསྒྲུབ་པ། དམངས་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱེད་ཆེད། ཐུན་ཏེ་རྫོང་གིས་ཡུལ་གཞན་གནས་སྤོར་གྱི་བཀོད་སྒྲིག་སྡོད་ཁང་གཏན་ཁེལ་རྒྱུ་ནོར་ཐོ་འགོད་བྱ་བའི་འགོ་ཁྲིད་ཚན་ཆུང་བཙུགས་ནས། ཐོན་དབང་ཐོ་འགོད་བྱ་བའི་ཐད་རྩ་འཛུགས་ཀྱི་འགན་སྲུང་འདོན་སྤྲོད་བྱས་པ་དང་། མིག་སྔར་བར་དུ་ཡུལ་གཞན་གནས་སྤོར་བྱས་པའི་ཁྱིམ་ཚང་སུམ་བརྒྱ་དང་གོ་དགུ་ལ་གཏན་ཁེལ་རྒྱུ་ནོར་གྱི་ཐོན་དབང་འཛིན་ཡིག་བསྒྲུབས། དེ་དང་མཉམ་དུ། མ་དངུལ་སྒོར་འབུམ་གསུམ་དང་ཁྲི་དྲུག་བཏང་སྟེ། མི་རིགས་ཀྱི་ཞབས་བྲོ་དང་ཀྲུང་ལུགས་གཡོ་སྦྱོར། ས་སྔོག་རླངས་འཁོར། བོད་ཀྱི་གཙགས་དྲུབ་གཙོ་བྱས་པའི་སྦྲང་ཆར་འཆར་གཞིའི་དུས་ཐུང་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པ་དང་། རྩལ་ནུས་ནུས་པ་ཇེ་དྲག་ཏུ་གཏོང་བ་བརྒྱུད་དེ། ཡུལ་གཞན་གནས་སྤོར་བྱས་པའི་ཁྱིམ་ཚང་དང་དཀའ་ཁག་མང་ཚོགས་ཀྱི་ལས་ཞུགས་བྱེད་དཀའ་བའི་གནད་དོན་ཐག་བཅད་པ་དང་། དབུལ་ཐར་མི་གྲངས་ཀྱི་ཡོང་སྒོ་རྒྱུན་མཐུད་ངང་ཇེ་མང་དུ་གཏོང་བར་སྐུལ་འདེད་བཏང་།

ཁོངས་ཡོངས་སུ་ཁེབས་པར་བྱེད་པ་དང་འགུལ་རྣམ་ལྟ་ཞིབ། ཁྱིམ་གཅིག་ཀྱང་མི་ལུས་པར་བྱེད་པའི་རྩ་དོན་ལྟར། ཐུན་ཏེ་རྫོང་ཁྱིམ་ཚང་དུ་སོང་ནས་རྫོང་ཁོངས་ནང་གི་ཡོང་སྒོ་ཅུང་ཉུང་བ་དང་ནད་ཆེན་པོ་དང་ནད་ལྕི་མོ་བྱུང་བ། ཁུར་བོ་ཅུང་ལྕི་བའི་དལ་བའི་རང་བཞིན་གྱི་ནད་བྱུང་བའི་ནད་པ་སོགས་མི་ཚོགས་ལ་བརྟག་དཔྱད་བྱས་པ་དང་། གནད་ཕིགས་སྲིད་སྤྱོད་བྱས་ནས། ཞིང་སྡེའི་མ་མཐའི་འཚོ་བར་འགན་སྲུང་བྱེད་པའི་མི་སྣ་དང་དབང་བོ་སྐྱོན་ཅན་མི་སྣར་འཚོ་བའི་ཁ་གསབ་འདོན་སྤྲོད་བྱས་པ་དང་། ནད་ལྕི་མོ་ཐད་ཀྱི་རོགས་སྐྱོར་ཁ་གསབ་བྱས་ཏེ། ཁོ་ཚོ་ཕྱིར་དབུལ་བོར་འགྱུར་བའི་ཉེན་ཁ་མེད་པར་བཟོས།

རིན་ཆེན་མཚོས་བསྒྱུར།