གསར་འགོད་པས་ཟླ་བརྒྱད་པའི་ཚེས་ཉེར་བརྒྱད་ཉིན་འབྲེལ་ཡོད་སྡེ་ཁག་ནས་རྒྱུས་ལོན་བྱུང་བ་ལྟར་ན། གུང་གཞོན་ཚོགས་པ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཉེ་ལམ་འགྲེམ་སྤེལ་བྱས་པའི2019ལོ་ནས2020ལོའི་རྒྱལ་ཡོངས་ན་གཞོན་ལོ་ཆུང་གི་ཁེ་དབང་སྲུང་སྐྱོབ་ལས་རྐང་གི་མིང་འདོགས་པའི་སྐོར་གྱི་བརྡ་སྦྱོར་ནང་། རང་ཞིང་གི་སྡེ་ཁག་ཉེར་གཅིག་ལ་ན་གཞོན་ལོ་ཆུང་ཁེ་དབང་སྲུང་སྐྱོབ་ལས་རྐང་གི་མཚན་མིང་ཐོབ། དེའི་ཁྲོད་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་། དམངས་སྲིད། ཁྲིམས་འཛིན་སྲིད་འཛིན། ཚོང་རའི་ལྟ་སྐུལ་དོ་དམ་ལས་ཁུངས་བཅས་ལས་སོ་སོར་སྡེ་ཁག་གསུམ་དང་། སློབ་གསོ་དང་ལས་ཁུངས་གཞན་པ་ལས་སོ་སོར་སྡེ་ཁག་གཉིས། སྤྱི་བདེ་དང་རིག་གནས་གནས་སྐོར་ལས་ཁུངས་ལས་སྡེ་ཁག་གཅིག་འདུ།
རྒྱུས་ལོན་བྱུང་བ་ལྟར་ན། ན་གཞོན་ལོ་ཆུང་གི་ཁེ་དབང་སྲུང་སྐྱོང་ལས་རྐང་འཛུགས་སྐྲུན་བྱེད་པའི་བྱ་འགུལ་དེ་གཅིག་དགུ་གོ་བརྒྱད་ལོ་ནས་བཟུང་འགོ་བརྩམས་པ་དང་། བྱ་འགུལ་དེ་གུང་གཞོན་ཚོགས་པ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་སོགས་པུའུ་དང་ཨུ་ཡོན་ལྷན་ཁང་བཅུ་གཉིས་དང་མཉམ་འབྲེལ་སྒོས་སྤེལ། 2018ལོའི་བར་དུ། རྒྱལ་ཁབ་རིམ་པའི་ན་གཞོན་ལོ་ཆུང་གི་ཁེ་དབང་སྲུང་སྐྱོབ་ལས་རྐང་སྟོང་བཞི་དང་ཉིས་བརྒྱ་སོ་གཉིས་བཙུགས། 2019ལོར། གུང་གཞོན་ཚོགས་པ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་སྐོར་གསར་བའི་རྒྱལ་ཡོངས་ན་གཞོན་ལོ་ཆུང་གི་ཁེ་དབང་སྲུང་སྐྱོང་ལས་རྐང་འཛུགས་སྐྲུན་བྱེད་པའི་བྱ་བ་སྤེལ་འགོ་བརྩམས་པ་དང་། ས་ཆ་སོ་སོ་དང་ལས་ཁུངས་སོ་སོར་ཚུར་སྣང་ཆེན་པོ་ཐོབ། ལོ་གཉིས་ཀྱི་འཛུགས་སྐྲུན་དུས་ཚོད་ལོངས་པ་དང་། གཅིག་བསྡུས་སྒོས་ཁྱབ་གདལ་ཡར་ཞུ་དང་ཞིབ་རྩིས་གཏན་འབེབས་བྱས་པ་བརྒྱུད་དེ། འཛུགས་སྐྲུན་སྡེ་ཁག་བདུན་བརྒྱ་དང་ཉེར་གཅིག་ལ་རྒྱལ་ཡོངས་ན་གཞོན་ལོ་ཆུང་གི་ཁེ་དབང་སྲུང་སྐྱོང་ལས་རྐང་གི་མིང་བཏགས། ཁོ་ཚོ་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་། སློབ་གསོ། སྤྱི་བདེ་སོགས་ལས་ཁུངས་བཅུ་གསུམ་ལ་ཁེབས་པ་དང་། ཚང་མ་ན་གཞོན་ལོ་ཆུང་འཚར་ལོངས་འཕེལ་རྒྱས་དང་ཁེ་དབང་འགན་སྲུང་ཐད་ཞབས་འདེགས་ཞུ་བའི་སྟོབས་ཤུགས་གཙོ་བོ་རེད།
རིན་ཆེན་མཚོས་བསྒྱུར།