མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་ནགས་ཚལ་ཉེན་རྟོག་སྤྱིའི་རུ་ཁག་གིས2021ལོའི་ཁུ་ནུ་ཆེད་དོན་འགུལ་སྐྱོད་སྤེལ།
2021.08.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བའི་དགོངས་དོན་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་ཆེད། ཞིང་ཆེན་སྤྱི་བདེ་ཐིན་ནགས་ཚལ་ཉེན་རྟོག་སྤྱིའི་རུ་ཁག་གིས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ནགས་ཚལ་ཉེན་རྟོག་སྡེ་ཁག་གིས་འགན་ནུས་ནུས་པ་འདོན་སྤེལ་གང་ལེགས་བྱེད་པར་ལྟ་སྐུལ་མཛུབ་སྟོན་བྱས་ནས། 2021ལོའི་ལྗང་ཕུབ་ཆེད་དོན་བཅོས་སྐྱོང་དང་བསིལ་རླུང་འགུལ་སྐྱོད། 2021ལོའི་ཁུ་ནུ་སོགས་ཆེད་དོན་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ་དང་། སྐྱེ་ཁམས་ཐོན་ཁུངས་ལ་གཏོར་བརླག་བྱེད་པའི་ཁྲིམས་འགལ་ཉེས་བཟོ་ཐད་ཀྱི་མཐོ་གནོན་རྣམ་འགྱུར་རྒྱུན་འཁྱོངས་བྱས་ཏེ། ནགས་ཚལ་དང་རི་སྐྱེས་རི་དྭགས་དང་སྐྱེ་དངོས་སོགས་སྐྱེ་ཁམས་ཐོན་ཁུངས་ཀྱི་ཁྲིམས་འགལ་ཉེས་བཟོ་སྤྱོད་ཚུལ་བཀག་འགོག་བྱས་པ་དང་། སྟོབས་ཤུགས་ཡོད་རྒུས་ནགས་ཁུལ་གྱི་བདེ་སྐྱོང་གཏན་འཇགས་ལ་སྲུང་སྐྱོབ་བྱས།

2021ལོའི་ཁུ་ནུ་ཆེད་དོན་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་ཆེད། ཉེ་ལམ་ཞིང་ཆེན་སྤྱི་བདེ་ཐིན་ནགས་ཚལ་ཉེན་རྟོག་སྤྱིའི་རུ་ཁག་གིས་ཞིང་ཆེན་སྤྱི་བདེ་ཐིན་བདེ་སྐྱོང་སྤྱིའི་རུ་ཁག་དང་མཉམ་དུ་སྐྱེ་ཁམས་ཁྱབ་ཁོངས་ཀྱི་ཁྲིམས་འགལ་ཉེས་བཟོ་ལ་རྡུང་རྡེག་བྱེད་པར་དམིགས་ནས་རྟོག་ཞིབ་བྱ་བ་སྤེལ་བ་དང་། ཉེ་བའི་ལོ་འགའི་རིང་གི་སྐྱེ་ཁམས་ཁྱབ་ཁོངས་ཀྱི་ཁྲིམས་འགལ་ཉེས་བཟོ་ལ་རྡུང་རྡེག་བྱེད་པའི་གྱོད་གཞི་སྣ་ཚོགས་དང་དེའི་ཐད་གནས་པའི་དཀའ་ཁག་སོགས་གནད་དོན་བསྡོམས་རྩིས་བྱས་ལ། རྩ་བའི་རྒྱུ་རྐྱེན་ལ་དབྱེ་ཞིབ་ཟབ་མོ་བྱས་པ་དང་། ཐབས་ཇུས་བཙལ་ནས། སྟོབས་ཤུགས་ཡོད་རྒུས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྲུང་སྐྱོབ་བྱེད་པ་དང་རིགས་མི་འདྲ་བའི་སྐྱེ་ཁམས་ཁྱབ་ཁོངས་ཀྱི་ཁྲིམས་འགལ་ཉེས་བཟོ་ལ་རྡུང་རྡེག་བྱེད་པའི་ཐད་ཚན་རིག་དང་མཐུན་པའི་མཛུབ་སྟོན་འདོན་སྤྲོད་བྱས།

ཞིང་ཆེན་སྤྱི་བདེ་ཐིན་དང་ནགས་ཚལ་ཉེན་རྟོག་སྤྱིའི་རུ་ཁག་གི་གཅིག་གྱུར་བཀོད་སྒྲིག་དང་རེ་བ་ལྟར། རིམ་པ་སོ་སོའི་ནགས་ཚལ་ཉེན་རྟོག་སྡེ་ཁག་གིས་རང་ས་གནས་ཀྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས། ཆེད་དོན་འགུལ་སྐྱོད་ལག་བསྟར་ཇུས་གཞི་གཏན་འབེབས་བྱས་པ་དང་། ཁུལ་ཁོངས་གཙོ་བོ་དང་གྱོད་གཞི་གཙོ་བོ། རྡུང་རྡེག་བྱེད་ཡུལ་གཏན་ཁེལ་བྱས་ལ། དམིགས་འབེན་གསལ་བོ་ཡིན་པ་དང་འགུལ་སྐྱོད་ཐད་ནས་ཕན་འབྲས་ལེན་ཐུབ་པར་བྱས། ས་ཆ་སོ་སོས་སྐྱེ་ཁམས་ཐོན་ཁུངས་ཁྱབ་ཁོངས་ཀྱི་ཁྲིམས་འགལ་ཉེས་བཟོར་རྡུང་རྡེག་བྱེད་པའི་གཙོ་ཤུགས་དམག་གི་ནུས་པ་དང་ཉེན་རྟོག་སྡེ་ཁག་སོ་སོའི་འགན་ནུས་དགེ་མཚན་སྔར་ལས་འདོན་སྤེལ་བྱས་པ་དང་། མཉམ་ལས་དམ་ཟབ་ཏུ་གཏོང་བ་དང་མཉམ་དུ་བྱ་བ་བསྒྲུབ་ནས། བཀོད་འདོམས་བཟང་བོ་བྱེད་པ་དང་འཁོར་རྒྱུག་གི་ཕན་འབྲས་མཐོ་བ། སྤྱི་ཁོག་མཉམ་འབྲེལ། མཉམ་ལས་མཉམ་འཐབ་ཀྱི་བྱ་བའི་རྣམ་པ་གྲུབ་པར་བྱས། ཞིང་ལས་ཞིང་སྡེ་དང་ཚོང་རའི་ལྟ་སྐུལ་དོ་དམ། རང་བྱུང་ཐོན་ཁུངས། སྐྱེ་ཁམས་ཁོར་ཡུག ནགས་ལས་རྩྭ་ཐང་སོགས་སྡེ་ཁག་བར་གྱི་མཉམ་འབྲེལ་གཞོགས་འདེགས་ལ་ཤུགས་བསྣན་པ་དང་། སྲིད་འཛིན་ཁྲིམས་སྤྱོད་དང་ཉེས་དོན་ཁྲིམས་འཛིན་གྱི་སྦྲེལ་མཐུད་བྱ་བའི་རེ་བ་ལག་བསྟར་བྱས་ལ། མཉམ་འབྲེལ་ཁྲིམས་སྤྱོད་དང་ཆ་འཕྲིན་བརྗེ་རེས། ཁུངས་སྣེ་ཁྱབ་བསྒྲགས། གྱོད་གཞི་བརྒྱུད་སྤྲོད་སོགས་ཀྱི་བྱ་བའི་རྐྱེན་སྲོལ་བཙུགས། བྱ་བའི་ཁྲོད་རྙེད་པའི་སྐྱོན་ཆ་དང་ལྟ་སྐུལ་དོ་དམ་གྱི་གནད་དོན་ལ་ཁ་གཏད་དེ། དུས་ཐོག་ཏུ་སྲིད་འཛིན་གཙོ་འཛིན་སྡེ་ཁག་ལ་ཡར་ཞུ་བྱས་པ་དང་། མཉམ་དུ་རྡུང་རྡེག་བཅོས་སྐྱོང་འགུལ་སྐྱོད་སྤེལ་ནས། འགོ་ཁུངས་ནས་བཅོས་སྐྱོང་བྱེད་པར་སྐུལ་འདེད་བཏང་བ་དང་། སྐྱོན་ཆ་ཡོ་བསྲང་བྱས་པ་དང་ཉེན་ཁ་མེད་པར་བྱས།

རིན་ཆེན་མཚོས་བསྒྱུར།