མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ས་ཁུལ་གྱིས་ཕྱོགས་བསྡུས་སྐོར་ཞིབ་ཆེད་དོན་འགུལ་སྐྱོད་སྤེལ།
2021.09.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ་དགུ་བའི་ཚེས་བརྒྱད་ཉིན་ནས་ཚེས་བཅུ་བདུན་ཉིན་བར། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་ཡིས2021ལོའི་ཆེད་དོན་འགུལ་སྐྱོད་ཀྱི་དམིགས་འབེན་རེ་བ་དང་ཞིབ་བཤེར་གྲུབ་འབྲས་ལ་ཟུང་འབྲེལ་བྱས་ནས་དུས་ཡུན་ཉིན་བཅུ་རིང་གི་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ས་ཁུལ་གྱི2021ལོའི་ཕྱོགས་བསྡུས་སྐོར་ཞིབ་ཆེད་དོན་འགུལ་སྐྱོད་སྤེལ།

ཐེངས་འདིའི་ཆེད་དོན་འགུལ་སྐྱོད་སྐབས་སུ། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་ཡིས་རྒྱལ་ཁབ་སྤྱི་གླིང་མིའི་རིགས་འཚོ་སྡོད་ཀྱི་ལྟ་སྐུལ་དོ་དམ་གནས་ཚུལ་ལ་ཁྱོན་ཡོངས་ནས་བརྟག་བཤེར་བྱས་པ་དང་། གཏེར་དབང་དང་ཆུ་གློག་ས་ཚུགས། གཞུང་ལམ་འཛུགས་སྐྲུན། གློག་དྲ་བསྒྱུར་བཀོད། རང་དགར་བསྐྱུར་བའི་གཏེར་ཁུངས། དམངས་ཚིས་སྒྲིག་ཆས་སོགས་གནད་འགག་ས་ཆར་ཡུལ་དངོས་བརྟག་བཤེར་བྱས་པ་དང་། ཞིབ་བཤེར་ལྟ་སྐུལ་དོ་དམ་གྱི་རྩིས་ཐོ་འཐུས་ཚང་དུ་གཏོང་བར་ལྟ་སྐུལ་མཛུབ་སྟོན་བྱས། དོ་སྲུང་ས་ཚུགས་ཀྱི་ཉིན་རྒྱུན་གྱི་སྐོར་ཞིབ་སྲུང་སྐྱོབ་འགན་འཁྲི་ལག་བསྟར་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ་དང་། རིམ་པ་སོ་སོའི་དོ་དམ་སྡེ་ཁག་དང་དོ་སྲུང་ས་ཚུགས་ཀྱིས་བདེ་འཇགས་ཐོན་སྐྱེད་དང་ནགས་ཚལ་རྩྭ་ཐང་གི་མེ་འགོག རིམས་ནད་འགོ་ཁུངས་དང་རིམས་ནད་ལྟ་ཞིབ་ཚད་ལེན། རིམས་ནད་འགོག་བཅོས་སོགས་བྱ་བའི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པར་སྐུལ་འདེད་བཏང་ལ། གཏེར་དབང་སྐྱེ་ཁམས་ཞིག་གསོ་བཅོས་སྐྱོང་གནས་ཚུལ་ལ་རྒྱུས་ལོན་བྱས་ནས། གཏེར་ལས་དབང་ཆའི་འགུལ་རྣམ་ལྟ་སྐུལ་དོ་དམ་དང་དོ་སྲུང་ས་ཚུགས་ཚད་གཞི་ཅན་དུ་བསྒྱུར་བ་དང་ཚད་ལྡན་ཅན་དུ་བསྒྱུར་བའི་དོ་དམ་སྲུང་སྐྱོབ་མངོན་འགྱུར་བྱས། དེ་དང་མཉམ་དུ་ད་དུང་ཉེན་ཁ་ལྡན་སར་ཁྱོན་ཡོངས་ནས་རྟོག་སེལ་བྱས་པ་དང་། ཆ་འཕྲིན་བསྡུ་རུབ་བཅོས་སྐྱོང་ལ་ཤུགས་བསྣན་ལ། ས་གཅིག་ལ་རྩིས་ཐོ་གཅིག་གི་རྩིས་ཐོ་རྒྱུ་ཆ་འཐུས་ཚང་དུ་བཏང་སྟེ། དེའི་ཐད་གནས་པའི་རིགས་མི་འདྲ་བའི་དོ་སྲུང་ཐད་ཀྱི་མི་འདང་ས་དང་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཡང་དག་འཚོལ་བ་དང་དུས་ཐོག་ཏུ་དག་ཐེར་ལེགས་བཅོས་བྱེད་པར་སྐུལ་འདེད་བཏང་།

ཐེངས་འདིའི་འགུལ་སྐྱོད་ཐད་ནས་ཕན་ཚུན་བརྟག་བཤེར་བྱེད་པའི་བྱེད་ཐབས་སྤྱད་པ་དང་། མིག་སྔར་ཆེད་དོན་འགུལ་སྐྱོད་ཀྱི་བྱ་བའི་ཚན་ཆུང་བཞི་རྒྱལ་ཁབ་སྤྱི་གླིང་གི་ཡུལ་དངོས་སུ་སོང་ནས་རྟོག་སེལ་ཞིབ་བཤེར་བྱས་པ་མ་ཟད། ཁུལ་དང་རྫོང་གི་འབྲེལ་ཡོད་སྡེ་ཁག་དང་བཞུགས་མོལ་བརྗེ་རེས་བྱས་ནས། ཆེད་དོན་འགུལ་སྐྱོད་ཀྱི་བྱ་བའི་བྱེད་ཐབས་དང་རེ་བ་གཏན་ཁེལ་བྱས་པ་དང་། ཞིབ་བཤེར་ལྟ་སྐུལ་བྱ་བ་སྣ་ཚོགས་གོ་རིམ་ལྡན་པའི་ངང་སྤེལ་བཞིན་པའི་སྒང་ཡིན།

                                                                                                               རིན་ཆེན་མཚོས་བསྒྱུར།