ཟླ་མཆོད་དུས་ཆེན་གྱི་སྐབས་སུ་ཞིང་ཆེན་ཡོངས་སུ་བསྡོམས་པས་རྒྱལ་ནང་གི་གནས་སྐོར་བ་མི་ཐེངས་འབུམ་བདུན་དང་ཁྲི་གསུམ་ལྷག་ལ་སྣེ་ལེན་བྱས་པ་དང་གནས་སྐོར་ཡོང་སྒོ་སྒོར་དུང་ཕྱུར་ལྔ་ལྷག་ལ་སླེབས།
2021.09.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ་མཆོད་དུས་ཆེན་གྱི་སྐབས་སུ། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོས་རིམས་ནད་འགོག་སྲུང་དང་རིག་གནས་གནས་སྐོར་བྱ་བ་དམ་འཛིན་བྱས་ཏེ། ནང་དོན་ཕུན་སུམ་ཚོགས་པའི་བྱ་འགུལ་དང་ཐོན་རྫས་འདོན་སྤྲོད་བྱས་ཤིང་། དུས་ཆེན་སྐབས་སུ་རིག་གནས་གནས་སྐོར་ཚོང་ར་བདེ་འཇགས་དང་གོ་རིམ་ལྡན་པ་དང་། རིམས་ནད་འགོག་བཅོས་བྱ་བ་དངོས་འབེབས་བྱས་ནས་ཕན་འབྲས་བཟང་བོ་ཐོབ་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱིས་བདེ་ཐང་དང་སྤྲོ་སྐྱིད། བདེ་འཇགས་བཅས་ཀྱི་སྒོ་ནས་ཟླ་མཆོད་དུས་ཆེན་ལ་རོལ། ཟླ་བརྒྱད་པའི་ཟླ་སྨད་ཀྱི་ཚུན་ལ། ས་གནས་སོ་སོའི་རིམས་ནད་གནས་བབ་བརྟན་འཇགས་ཡིན་པ་དང་ས་གནས་སོ་སོས་ཞིང་ཆེན་གཞན་པར་གནས་སྐོར་དུ་འགྲོ་བ་སླར་གསོ་བྱས་པ་ཁྱབ་སྒྲོག་བྱས་པའི་དབང་གིས་ཟླ་མཆོད་དུས་ཆེན་གྱི་སྐབས་སུ་མཚོ་སྔོན་གྱི་གནས་སྐོར་ཚོང་རའི་རྣམ་པ་ཇེ་ལེགས་སུ་སོང་། ཟླ་མཆོད་དུས་ཆེན་གྱི་སྐབས་སུ་ཞིང་ཆེན་ཡོངས་སུ་བསྡོམས་པས་རྒྱལ་ནང་གི་གནས་སྐོར་བ་མི་ཐེངས་འབུམ་བདུན་དང་ཁྲི་གསུམ་ལྷག་ལ་སྣེ་ལེན་བྱས་ཤིང་། གནས་སྐོར་ཡོང་སྒོ་སྒོར་དུང་ཕྱུར་ལྔ་ལྷག་ལ་སླེབས་པ་དང་སོ་སོར་ཉིས་སྟོང་བཅུ་དགུ་ལོའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་གྱ་དུག་དང་བརྒྱ་ཆའི་ང་ལྔར་སླར་གསོ་བྱས།

བཀྲ་ཤིས་འབུམ་གྱིས་བསྒྱུར།