རང་ཞིང་གིས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་གཉིས་པའི་སྟེང་གྲོས་མཐུན་བཀོད་པའི་ལས་གཞི་དངོས་འབེབས་བཟང་བོ་བྱེད་དགོས་པའི་སྐོར་གྱི་བརྡ་ཐོ་བཏང་།
2021.09.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཉེ་ལམ། རང་ཞིང་གིས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་གཉིས་པའི་སྟེང་གྲོས་མཐུན་བཀོད་པའི་ལས་གཞིའི་དངོས་འབེབས་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་བརྡ་ཐོ་བཏང་སྟེ། ད་ལོའི་ལོ་མཇུག་བར་དུ་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྟེང་གྲོས་མཐུན་བཀོད་པའི་ལས་གཞི་ལག་བསྟར་བྱས་ཚད་བརྒྱ་ཆའི་རེ་ལྔ་ལ་བསླེབ་ཏུ་འཇུག་པ་དང་ལས་མགོ་བརྩམས་ཚད་བརྒྱ་ཆའི་སོ་ལྔ་ལ་བསླེབ་ཏུ་འཇུག་པ། མ་དངུལ་དོན་ཐོག་ཏུ་འཁྱོལ་ཚད་བརྒྱ་ཆའི་བཅུའི་ཡན་ལ་བསླེབ་ཏུ་འཇུག་རྒྱུ་གཏན་འཁེལ་བྱས་ཡོད། དེ་ནི་གསར་འགོད་པས་ཟླ་དགུ་པའི་ཚེས་ཉེར་བཞི་ཉིན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་གཉིས་པའི་སྐབས་སུ། རང་ཞིང་གིས་བསྡོམས་པས་རིགས་མི་འདྲ་བའི་མཉམ་ལས་ལས་གཞི་ཉིས་བརྒྱ་དང་དྲུག་ལ་གྲོས་མཐུན་བཀོད་པ་དང་གྲོས་མཐུན་བཀོད་པའི་དངུལ་གྲངས་སྒོར་ཁྲག་ཁྲིག་གཅིག་དང་ཐེར་འབུམ་གཉིས་དུང་ཕྱུར་ལྔ་ལ་སླེབས། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་གཏོང་བ་དང་། གྲོས་མཐུན་བཀོད་པའི་ལས་གཞི་མྱུར་དུ་དངོས་འབེབས་བྱེད་པར་འགན་སྲུང་བྱེད་པ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ད་ལོའི་དངུལ་གཏོང་ལས་འགན་ཡོངས་འགྲུབ་བྱེད་ཆེད། རང་ཞིང་གིས་བརྡ་ཐོ་བཏང་སྟེ་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྟེང་གྲོས་མཐུན་བཀོད་པའི་ལས་གཞི་མྱུར་དུ་དངོས་འབེབས་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་ཇེ་བརྟན་དུ་གཏོང་དགོས་ལ། ཁག་ཁུར་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་རྒྱུན་མཐུད་སྒོས་ནུས་ཤུགས་འདོན་པར་མ་ཟད་དངོས་འབེབས་བྱ་བ་དམ་འཛིན་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུས་གྲོས་མཐུན་བཀོད་པའི་ལས་གཞི་མྱུར་དུ་ལས་མགོ་བརྩམས་ནས་འཛུགས་སྐྲུན་བྱེད་དགོས་པའི་རེ་བ་བཏོན།

                                                                                               བཀྲ་ཤིས་འབུམ་གྱིས་བསྒྱུར།