ལོ་རྒྱུས་ཀྱི་ལམ་ཐིག་གསར་བའི་སྟེང་ཀྲུང་གོའི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་རྩ་གནད་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་སྙིང་འབུར་དུ་ཐོན་ཡོད་ཅིང་། འཕེལ་རྒྱས་ཀྱི་དུས་རིམ་གསར་བ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་བ་བཅས་ཀྱི་གཏན་ཚིགས་བརྒྱུད་རིམ་ཧྲིལ་བོར་བརྒྱུས་ཏེ་ཀྲུང་གོའི་མ་འོངས་པའི་འཕེལ་རྒྱས་ཇུས་གཞི་འཆར་འགོད་བྱས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་དཔལ་འབྱོར་གྱི་རེ་བ་ཁོ་ན་མ་ཡིན་པར། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་སོ་སོའི་སྤྱིའི་རེ་བ་ཡིན། དཔལ་འབྱོར་དར་རྒྱས་ས་ཁུལ་ཁོ་ནར་དམིགས་པའི་རེ་བ་ཞིག་མ་ཡིན་པར། ས་ཁུལ་སོ་སོའི་འཕེལ་རྒྱས་གང་ཡིན་ལས་ངེས་པར་དུ་ལག་བསྟར་བྱེད་དགོས་པའི་རེ་བ་ཡིན། དུས་སྐབས་ཤིག་གི་རེ་བ་མ་ཡིན་པར་ངེས་པར་དུ་དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་དགོས་པའི་རེ་བ་ཡིན།
ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ཏེ་བཅོས་སྒྱུར་བྱེད་ཐབས་རབ་དང་རིམ་པར་སྐུལ་འདེད་བཏང་བ་དང་། དཔལ་འབྱོར་འཁོར་རྒྱུག་གཏན་འཇགས་ངང་སྲ་བརྟན་དུ་སོང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་བ་ཐོབ་ཡོད་ལ། མི་རྣམས་ཀྱི་མཛེས་སྡུག་འཚོ་བའི་རེ་འདུན་དེ་མངོན་འགྱུར་བྱུང་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།