མཚོ་སྔོན་གྱི་བཟོ་ལས་དང་ཆ་འཕྲིན་མ་ལག་གིས་བྱེད་ཐབས་སྣ་མང་སྤྱད་ནས་ཁེ་ལས་འབྲིང་ཆུང་དང་དམངས་གཉེར་དཔལ་འབྱོར་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
2021.10.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

གསར་འགོད་པས་ཉེ་སྔོན་མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་ནས་རྒྱུས་ལོན་པའི་གནས་ཚུལ་ལྟར་ན། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་སྡེ་ཁག་གིས་ཁེ་ལས་འབྲིང་ཆུང་དང་དམངས་གཉེར་དཔལ་འབྱོར་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་མཐའ་འཁྱོལ་བྱས་ཏེ། མ་དངུལ་གྱིས་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། གསར་གཏོད་ལས་སྐྲུན་ལ་སྐུལ་མ་བྱེད་པ། ཁེ་ལས་སྐྱེད་སྲིང་བྱེད་ཤུགས་ཇེ་ཆེར་གཏོང་བ། སྟེགས་བུའི་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཁེ་ལས་ཀྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་སོགས་བྱས་ཤིང་། ཁེ་ལས་ཀྱི་གསར་གཏོད་འཕེལ་རྒྱས་དང་ཚུལ་སྒྱུར་རིམ་སྤོར་ཇེ་མགྱོགས་སུ་གཏོང་བར་རྒྱབ་སྐྱོར་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཁེ་ལས་འབྲིང་ཆུང་དང་དམངས་གཉེར་དཔལ་འབྱོར་རྒྱུན་སྲིང་དང་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་ནུས་ལྡན་བཏང་།

ཆེད་འཇོན་དམིགས་གསར་ཞེས་པའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཆེད། མཚོ་སྔོན་ཞིང་ཆེན་གྱི་ཆེད་འཇོན་དམིགས་གསར་ཞེས་པའི་ཁེ་ལས་འབྲིང་ཆུང་སྐོར་བཞི་པ་དང་རྒྱལ་ཁབ་ཀྱི་ཆེད་འཇོན་དམིགས་གསར་གྱི་གྱད་མི་ཆུང་བ་ཞེས་པའི་ཁེ་ལས་སྐོར་གསུམ་པ་ཡར་ཞུ་བྱེད་པའི་སྐོར་གྱི་བརྡ་སྦྱོར་དཔར་ནས་བཀྲམ། མཚོ་ནུབ་ཧྭ་ཧོས་རྫས་འགྱུར་བཟོ་ལས་འཕྲུལ་ཆས་ཚད་ཡོད་ཀུང་ཟི་སོགས་ཁེ་ལས་བཅུ་བཞི་ཞིང་ཆེན་རིམ་པའི་ཆེད་འཇོན་དམིགས་གསར་གྱི་ཁེ་ལས་འབྲིང་ཆུང་དུ་བདམས་པ་དང་། ཨོ་ནའེ་ཐི་གློག་སྐུད་སྡེ་ཚོགས་ཚད་ཡོད་ཀུང་ཟི་སོགས་རྒྱལ་ཁབ་ཀྱི་ཆེད་འཇོན་དམིགས་གསར་གྱི་གྱད་མི་ཆུང་བ་ཞེས་པའི་ཁེ་ལས་ལ་བདམས། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ལ་གྱད་མི་ཆུང་བ་ཞེས་པ་དང་སྤྱི་ཐུན་ཞབས་ཞུའི་དཔེ་སྟོན་སྟེགས་བུ་ཡར་ཞུ་ལེགས་པོ་བྱས་ཏེ། མཚོ་སྔོན་ཀྲུང་ཐེ་ཆིན་ཏོན་སྒྲིག་ཆས་གསར་བཟོ་ཚད་ཡོད་ཀུང་ཟི་གྱད་མི་ཆུང་བའི་ཁེ་ལས་གཙོ་གནད་དུ་བདམས་པ་དང་། ཀྲུང་གོ་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་དང་མཚོ་སྔོན་ཅིན་ཞིན་ཁེ་ལས་འབྲིང་ཆུང་ཞབས་ཞུ་ཚད་ཡོད་ཀུང་ཟི། མཚོ་སྔོན་ཞིང་ཆེན་ཐོན་སྐྱེད་ནུས་ཤུགས་ཡར་སྐུལ་ལྟེ་གནས་ཚད་ཡོད་ཀུང་ཟི་བཅས་གྱད་མི་ཆུང་བའི་རོགས་སྐྱོར་ཞབས་ཞུའི་སྟེགས་བུ་གཙོ་གནད་དུ་བདམས་ཤིང་། ཀྲུང་གོ་དང་ཞིབ་དཔྱད་ཁས་ལེན་བདེན་དཔང་སྡེ་ཚོགས་མཚོ་སྔོན་ཁས་ལེན་བདེན་དཔང་དང་ཞིབ་དཔྱད་གཏན་འབེབས་སྟེགས་བུ་སོགས་སྟེགས་བུ་ལྔ་ཆེད་འཇོན་དམིགས་གསར་གྱི་གྱད་མི་ཆུང་བའི་ཁེ་ལས་ཞབས་ཞུའི་སྟེགས་བུ་རུ་བདམས།

ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱས་ཏེ་ཞིང་ཆེན་རིམ་པའི་ཁེ་ལས་ཕྲན་ཆུང་གི་ལས་སྐྲུན་གསར་གཏོད་དཔེ་སྟོན་རྟེན་གཞི་དང་ཁེ་ལས་འབྲིང་ཆུང་གི་སྤྱི་ཐུན་ཞབས་ཞུའི་དཔེ་སྟོན་སྟེགས་བུའི་ཁས་ལེན་གཏན་འབེབས་བྱ་བ་སྤེལ། ཆེད་མཁས་པས་དཔྱད་ཞིབ་བྱས་པ་བརྒྱུད་ནས། རྟེན་གཞི་དགུ་ཞིང་ཆེན་རིམ་པའི་ཁེ་ལས་ཕྲན་ཆུང་གི་ལས་སྐྲུན་གསར་གཏོད་དཔེ་སྟོན་རྟེན་གཞི་ལ་བདམས་པར་མ་ཟད། དེའི་ནང་གི་ཁེ་ལས་དྲུག་རྒྱལ་ཁབ་རིམ་པའི་རྟེན་གཞིར་བདམས། ཞིང་ཆེན་རིམ་པའི་ཁེ་ལས་འབྲིང་ཆུང་གི་སྤྱི་ཐུན་ཞབས་ཞུའི་དཔེ་སྟོན་སྟེགས་བུ་བཅུ་གསུམ་ཁས་ལེན་གཏན་འབེབས་བྱས་པར་མ་ཟད། དེའི་ནང་གི་ཕུལ་དུ་བྱུང་བའི་སྟེགས་བུ་དྲུག་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་བརྒྱུད་དེ་རྒྱལ་ཁབ་རིམ་པའི་དཔེ་སྟོན་སྟེགས་བུར་ཡར་ཞུ་བྱས། མཚོ་སྔོན་ཞིང་ཆེན་ཁེ་ལས་འབྲིང་ཆུང་གི་སྤྱི་ཐུན་ཞབས་ཞུའི་མནའ་འབྲེལ་འཛུགས་པར་སྐུལ་འདེད་བཏང་ནས། ཞིང་ཆེན་ནང་ཁུལ་ནས་ཐོག་མར་ཁས་ལེན་གཏན་འབེབས་བྱས་པའི་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་ཁེ་ལས་འབྲིང་ཆུང་གི་སྤྱི་ཐུན་ཞབས་ཞུའི་དཔེ་སྟོན་སྟེགས་བུ་དང་། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་ཁེ་ལས་ཕྲན་ཆུང་གི་ལས་སྐྲུན་གསར་གཏོད་དཔེ་སྟོན་རྟེན་གཞི། ཞིང་ཆེན་ཁེ་ལས་འབྲིང་ཆུང་གི་སྤྱི་ཐུན་ཞབས་ཞུའི་སྟེགས་བུ་དང་ཞིང་ཆེན་ནང་ཁུལ་གྱི་ཕུལ་བྱུང་ཞབས་ཞུའི་ལས་ཁུངས་བཅས་ལས་ཁུངས་སོ་དགུ་མནའ་འབྲེལ་དེའི་ཁོངས་གཏོགས་ལས་ཁུངས་སུ་བཞག་ཡོད།

གཞན་ཡང་བཟོ་ལས་དང་ཆ་འཕྲིན་ཅན་སྡེ་ཁག་གིས་མཐུན་སྦྱོར་ཞབས་ཞུའི་བྱ་བ་ཏན་ཏིག་གིས་བཟང་བོར་བསྒྲུབས་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གཞོགས་འདེགས་ཀྱིས་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆེད་དོན་འདྲི་ཞིབ་བྱ་བ་བཟང་བོར་བསྒྲུབས་ནས། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་སོང་སྟེ་ཡུལ་དངོས་རྟོག་ཞིབ་བྱས་པ་བརྒྱུད། ཞིང་ཆེན་ཡོངས་ཀྱི་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གཞི་རྩའི་གནས་ཚུལ་གསེད་བཀྲོལ་སྤྱི་སྡོམ་བྱས་པ་དང་། འདྲི་ཞིབ་དྲི་བར་ལན་འདེབས་པ་སོགས་ཀྱི་རྒྱུ་ཆ་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབས། ཞིང་ཆེན་ཁེ་ལས་འབྲིང་ཆུང་ཡར་སྐུལ་དང་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་འཕེལ་རྒྱས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་ལས་ཁུངས་སོ་གཉིས་རྩ་འཛུགས་བྱས་ཏེ། ཉིས་སྟོང་ཉེར་གཅིག་ལོའི་མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་འབྲིང་ཆུང་ཞབས་ཞུ་ཟླ་བའི་སྲིད་ཇུས་གཅིག་བསྡུས་དྲིལ་སྒྲོག་བྱ་འགུལ་སྤེལ། ཞིང་ཆེན་སློབ་གསོ་ཐིན་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ལ་མཉམ་འབྲེལ་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་ཉེར་གཅིག་ལོའི་མཐོ་རིམ་སློབ་ཆེན་གྱི་མཐར་ཕྱིན་སློབ་མའི་སློབ་རའི་དཔྱིད་དུས་གདན་ཞུ་ཚོགས་འདུ་རྩ་འཛུགས་བྱས་ལ། བྱ་འགུལ་དེར་ཁེ་ལས་ཉིས་བརྒྱ་སུམ་ཅུ་ལྷག་ཞུགས་ཏེ། ཞིང་ཆེན་ནང་ཁུལ་གྱི་དངོས་གཞི་སློབ་གྲྭ་ཆེན་མོ་བཞི་དང་ལས་རིགས་སློབ་གྲྭ་བརྒྱད་པའི་མཐར་ཕྱིན་སློབ་མ་སྟོང་དྲུག་ལྷག་གདན་ཞུ་བྱ་འགུལ་ལ་ཞུགས། བྱ་འགུལ་དེའི་ཁྲོད་བསྡོམས་པས་མཐར་ཕྱིན་སློབ་མ་སྟོང་གཉིས་དང་སུམ་བརྒྱ་ལྷག་གིས་ལས་ཁུངས་བར་དུ་གྲོས་མཐུན་བཀོད།

ཕྱུག་ལོས་བསྒྱུར།