རང་ཞིང་གི་ཡུལ་ཚོ་དང་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་ཡུལ་གཙོ་དང་གྲོང་གཙོའི་ཞིང་ཆེན་རིམ་པའི་དཔེ་སྟོན་ཟབ་སྦྱོང་འཛིན་གྲྭ་བསྡུས།
2021.10.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ་བཅུ་བའི་ཚེས་དགུ་ཉིན། རང་ཞིང་གི་ཡུལ་ཚོ་དང་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་ཡུལ་གཙོ་དང་གྲོང་གཙོའི་ཞིང་ཆེན་རིམ་པའི་དཔེ་སྟོན་ཟབ་སྦྱོང་འཛིན་གྲྭ་ཁྲིན་ཏུའུ་གྲོང་ཁྱེར་བུན་ཅང་གཞི་རིམ་ཏང་འཛུགས་སློབ་གླིང་ནས་བསྡུས། ཉིས་སྟོང་ཉེར་གཅིག་ལོར་གསར་ཏུ་བདམས་པའི་ཡུལ་ཚོ་དང་གྲོང་རྡལ་གྱི་ཧྲུའུ་ཅི་དང་ཡུལ་གཙོ་དང་གྲོང་གཙོ་བཞི་བཅུ་ལྷག་ཟབ་སྦྱོང་ལ་ཞུགས། འདི་ནི་རང་ཞིང་གི་དུས་རབས་གསར་བའི་གཞི་རིམ་ལས་བྱེད་པ་བརྗོད་དོན་ཡིན་པའི་ཟབ་སྦྱོང་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱས་པའི་ནུས་ལྡན་བྱེད་ཐབས་གཅིག་ཡིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཞི་རིམ་རྨང་གཞི་བྱ་བ་དང་གཞི་རིམ་བཅོས་སྐྱོང་ནུས་པ་མཐོར་འདེགས་སོགས་ཀྱི་དགོངས་དོན་གལ་ཆེན་སློབ་སྦྱོང་བྱེད་པ་དང་། ད་ལོ་ནས་བཟུང་། ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་སོགས་ཀྱི་དུས་རབས་གསར་བའི་གཞི་རིམ་ལས་བྱེད་པ་བརྗོད་དོན་ཡིན་པའི་ཟབ་སྦྱོང་འགུལ་སྤྱོད་འཆར་གཞི་ལག་བསྟར་བྱེད་པའི་འབྲེལ་ཡོད་བརྡ་སྦྱོར་གྱི་རེ་བ་ལྟར། རང་ཞིང་གིས་རོང་འབྲོག་ཁུལ་གྱི་གཞི་རིམ་ལས་བྱེད་པའི་གྲོང་གསེབ་དར་རྒྱས་ཀྱི་བརྗོད་དོན་ཟབ་སྦྱོང་འཆར་གཞི་དང་། གྲོང་ཁྱེར་གཞི་རིམ་ལས་བྱེད་པའི་ཏང་འཛུགས་ཀྱིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་ཀྱི་བརྗོད་དོན་ཟབ་སྦྱོང་འཆར་གཞི་སོགས་ལག་བསྟར་བྱས། གཅིག་འདུས་སློབ་སྦྱོང་དང་འཆད་ཁྲིད། དྲྭ་ལམ་སློབ་སྦྱོང་། ཕྱོགས་བསྡུས་སྒོས་ཆེད་དོན་དཔྱད་བསྡུར་དང་ཡུལ་དངོས་སློབ་སྦྱོང་སོགས་ཀྱི་རྣམ་པ་སྤྱད་དེ་ཉིས་སྟོང་ཉེར་གཉིས་ལོའི་ཟླ་དགུ་བའི་སྔོན་ལ་ཞིང་ཆེན་ཡོངས་ཀྱི་རྫོང་གི་ཐད་གཏོགས་སྡེ་ཁག་གི་ལས་ཁུངས་སོ་སོའི་ལས་བྱེད་པ། ཡུལ་ཚོ་དང་གྲོང་རྡལ་གྱི་ལས་བྱེད་པ། རྫོང་ཁོངས་ཀྱི་རྒྱལ་དབང་ཁེ་ལས་དང་ལས་དོན་ལས་ཁུངས་ཀྱི་འགོ་ཁྲིད་མི་སྣ། སྡེ་བའི་ལས་བྱེད་པ་དང་ཞིང་སྡེའི་གཅིག་བསྡུས་དཔལ་འབྱོར་རྩ་འཛུགས་ཁྲོད་ཀྱི་ཏང་རྩ་འཛུགས་ཀྱི་འགན་ལེན་པ། སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་རྩ་འཛུགས་འགན་ལེན་པ་སོགས་གཞི་རིམ་ལས་བྱེད་པ་ཡོངས་ལ་ཟབ་སྦྱོང་བྱ་རྒྱུའི་འཆར་གཞི་བཀོད།

                                                                                                        རིག་འཛིན་ཐར་གྱིས་བསྒྱུར།