ཟླ་བཅུ་པའི་ཚེས་ཉེར་གཅིག་ཉིན། མི་ཚོགས་གཙོ་བོར་གྲལ་བཤེར་བྱེད་སྐབས། མེ་འཁོརK1309རྟགས་ཅན་ལ་བསྡད་མྱོང་བའི་འགྲུལ་བ་ཞིག་ལ་པྲོག་གསར་གློ་ཚད་ནད་དུག་གི་ཉིང་སྐྱུར་བརྟག་འཇལ་བྱས་རྗེས་མཇུག་འབྲས་གདགས་གཤིས་ཡིན་ལ། འགྲུལ་བ་དེ་ཟླ་བཅུ་པའི་ཚེས་བཅུ་བདུན་ཉིན་གྱི་དུས་ཚོད་བརྒྱད་དང་སྐར་མ་ཉེར་གསུམ་ནས་དུས་ཚོད་བཅུ་གཅིག་དང་སྐར་མ་སོ་ལྔའི་བར་མེ་འཁོར་དེར་བསྡད་དེ་ལན་ཀྲིག་གི་མེ་འཁོར་ས་ཚིགས་ནུབ་མ་ནས་ཟི་ལིང་མེ་འཁོར་ས་ཚིགས་ལ་ཡོང་མྱོང་།
གོང་གི་མེ་འཁོར་དེར་བསྡད་མྱོང་བར་མ་ཟད་འགྲུལ་བ་དེ་དང་དུས་ཚོད་གཅིག་གི་ནང་མེ་འཁོར་དེར་བསྡད་པའི་མི་སྣས་སྒེར་གྱི་འགོག་སྲུང་བྱ་བ་བཟང་པོར་བསྒྲུབ་རྗེས་མྱུར་དུ་རང་གི་ཉེ་འདབས་ཀྱི་སྡོད་ཁུལ་དུ་སོང་ནས་ཡར་ཞུ་དང་ཐོ་འགོད་བྱེད་དགོས་པར་མ་ཟད། དུས་ལྟར་ཉིང་སྐྱུར་བརྟག་འཇལ་བྱེད་རྒྱུ་གལ་ཆེ།