ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བྲེལ་མྱུར་བརྡ་ཁྱབ།(ཨང13པ)
2021.11.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 54

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བྲེལ་མྱུར་བརྡ་ཁྱབ།(ཨང13པ)

ཟླ་བཅུ་གཅིག་པའི་ཚེས་གཉིས་ཉིན་གྱི་ཞོགས་པར་ཟི་ལིང་གྲོང་ཁྱེར་དུ་པྲོག་གསར་གློ་ཚད་རིམས་ནད་ལ་ཉིང་སྐྱུར་བཤེར་འཇལ་མཇུག་འབྲས་གདགས་གཤིས་ཡིན་པའི་མི་གསུམ་ཇེ་མང་དུ་སོང་བ་དང་།  ད་ལྟ་འབྲེལ་ཡོད་གནས་ཚུལ་སྐོར་ནས་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར།

ལུའུ་ཆེ་གེ་མོ། (ཉིང་སྐྱུར་བཤེར་འཇལ་གདགས་གཤིས་མི་སྣ་བརྒྱད་པ)མོ། ལོ་སོ་གཅིག་ཡིན། ད་ལྟ་ཧའེ་ཧུའུ་ཁུལ་གསར་ལུའུ་ཧྥུའུ་གུང་ཀོན་དུ་བསྡད་ཡོད། མིག་སྔར་གནས་གཏན་ཁེལ་སྨན་ཁང་དུ་བསྐྱལ་ནས་ལོགས་བཀར་སྨན་བཅོས་བྱེད་བཞིན་པའི་སྒང་ཡིན།

ལིའུ་ཆེ་གེ་མོ། (ཉིང་སྐྱུར་བཤེར་འཇལ་གདགས་གཤིས་མི་སྣ་དགུ་པ)མོ། ལོ་སོ་གཉིས་ཡིན། ད་ལྟ་མཁར་བྱང་ཁུལ་ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གཉིས་པའི་སྡེ་ཁུལ་གྱི་ར་སྐོར་བཞི་པ་རུ་བསྡད་ཡོད། མིག་སྔར་གནས་གཏན་ཁེལ་སྨན་ཁང་དུ་བསྐྱལ་ནས་ལོགས་བཀར་སྨན་བཅོས་བྱེད་བཞིན་པའི་སྒང་ཡིན།

ཝང་ཆེ་གེ་མོ།(ཉིང་སྐྱུར་བརྟག་འཇལ་གདགས་གཤིས་མི་སྣ་བཅུ་བ)མོ། ལོ་སོ་ལྔ་ཡིན།  ད་ལྟ་མཁར་ཤར་ཁུལ་ཁང་ལི་སྡེ་གསར་གྱི་ཐོག་ཁང་གསུམ་པ་རུ་བསྡད་ཡོད། མིག་སྔར་གནས་གཏན་ཁེལ་སྨན་ཁང་དུ་བསྐྱལ་ནས་ལོགས་བཀར་སྨན་བཅོས་བྱེད་བཞིན་པའི་སྒང་ཡིན།

མིག་སྔར། གོང་གི་པྲོག་གསར་གློ་ཚད་རིམས་ནད་ལས་ཉིང་སྐྱུར་བཤེར་འཇལ་མཇུག་འབྲས་གདགས་གཤིས་ཡིན་པའི་མི་སྣ་གསུམ་པོ་དེར་མཆེད་ནད་རིག་པའི་བརྟག་དཔྱད་དང་ཚོད་ལྟའི་ཁང་དུ་བརྟག་དཔྱད་བྱེད་བཞིན་པའི་སྒང་ཡིན་ལ། འབྲེལ་འདྲིས་དམ་ཟབ་བྱེད་མཁན་འཚོལ་བ་དང་འབྲེལ་ཡོད་ས་ཁུལ་ལ་བཀག་སྡོམ་ཚོད་འཛིན་བྱེད་བཞིན་ཡོད། མི་སྣ་བརྒྱད་པ་དང་དགུ་པ། བཅུ་པ་བཅས་ནི་གཅིག་བསྡུས་ལོགས་བཀར་བྱེད་པའི་སྐབས་སུ་ཉིང་སྐྱུར་བཤེར་འཇལ་མཇུག་འབྲས་གདགས་གཤིས་ཡིན། རྒྱ་ཆེའི་གྲོང་མི་རྣམས་ཀྱིས་རང་ཉིད་ཀྱི་འགོག་སྲུང་བྱ་བ་ལེགས་པོར་བསྒྲུབ་རྒྱུ་གལ་ཆེ། 

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ནས།

                                                                       ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་གཅིག་པའི་ཚེས་གཉིས་ཉིན།