ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བྲེལ་མྱུར་བརྡ་ཁྱབ།(ཨང12པ)
2021.11.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་

བྲེལ་མྱུར་བརྡ་ཁྱབ།(ཨང12པ།)

ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་གྱི་དགོང་མོར། ཟི་ལིང་གྲོང་ཁྱེར་དུ་པྲོག་གསར་གློ་ཚད་ནད་རིམས་ནད་ལ་ཉིང་སྐྱུར་བཤེར་འཇལ་བྱས་པའི་མཇུག་འབྲས་གདགས་གཤིས་ཡིན་པའི་མི་གཅིག་ཇེ་མང་དུ་སོང་། ད་ལྟ་འབྲེལ་ཡོད་གནས་ཚུལ་སྐོར་ནས་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར། 

ལིས་ཆེ་གེ་མོ། ཉིང་སྐྱུར་བརྟག་འཇལ་མཇུག་འབྲས་གདགས་གཤིས་ཡིན་པའི་མི་སྣ་བདུན་པ། ཕོ། ལོ་ཉེར་བརྒྱད། ད་ལྟ་མཁར་ནུབ་ཁུལ་ཧེ་ཧུའུ་ཞིན་ཁྲིན་སྡེ་ཁུལ་གྱི་ཐོག་ཁང་ལྔ་བའི་ནང་བསྡད་ཡོད་ལ། མིག་སྔར་གཏན་འཁེལ་བྱས་པའི་སྨན་ཁང་དུ་བསྐྱལ་ནས་ལོགས་བཀར་སྨན་བཅོས་བྱེད་བཞིན་ཡོད།

མིག་སྔར། གོང་གི་པྲོག་གསར་གློ་ཚད་རིམས་ནད་ལ་ཉིང་སྐྱུར་བཤེར་འཇལ་བྱས་པའི་མཇུག་འབྲས་གདགས་གཤིས་ཡིན་པའི་མི་སྣར་མཆེད་ནད་རིག་པའི་བརྟག་དཔྱད་དང་ཚོད་ལྟའི་ཁང་དུ་བརྟག་དཔྱད་བྱེད་བཞིན་པའི་སྒང་ཡིན་ལ། འབྲེལ་འདྲིས་དམ་ཟབ་བྱེད་མཁན་འཚོལ་བ་དང་འབྲེལ་ཡོད་ས་ཁུལ་ལ་བཀག་སྡོམ་ཚོད་འཛིན་བྱེད་བཞིན་ཡོད།

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ནས།

ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་གཅིག་པའི་ཚེས་གཉིས་ཉིན།

བཀྲ་ཤིས་འབུམ་གྱིས་བསྒྱུར།