ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བྲེལ་མྱུར་བརྡ་ཁྱབ། (ཨང11པ)
2021.11.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 41

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བྲེལ་མྱུར་བརྡ་ཁྱབ། (ཨང11པ)

ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་གྱི་སྔ་དྲོར།  ཟི་ལིང་གྲོང་ཁྱེར་དུ་པྲོག་གསར་གློ་ཚད་རིམས་ནད་ལ་ཉིང་སྐྱུར་བཤེར་འཇལ་བྱས་པའི་མཇུག་འབྲས་གདགས་གཤིས་ཡིན་པའི་ནད་པ་གཉིས་ཇེ་མང་དུ་སོང་། འབྲེལ་ཡོད་གནས་ཚུལ་སྐོར་ནས་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར།

ཀྲའོ་ཆེ་གེ་མོ། ཉིང་སྐྱུར་བཤེར་འཇལ་མཇུག་འབྲས་གདགས་གཤིས་ཡིན་པའི་མི་སྣ་ལྔ་པ། མོ། ལོ་སོ་བཞི།  ད་ལྟ་ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་ཅིན་ཙོ་ཡ་ཡོན་ར་སྐོར་དང་པོའི་ཐོག་ཁང་དང་པོར་བསྡད་ཡོད།  ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན། པྲོག་གསར་གློ་ཚད་རིམས་ནད་ལ་ཉིང་སྐྱུར་བཤེར་འཇལ་བྱས་པའི་མཇུག་འབྲས་གདགས་གཤིས་ཡིན་པས། མིག་སྔར་གཏན་ཁེལ་སྨན་ཁང་དུ་བསྐྱལ་ནས་ལོགས་བཀར་སྨན་བཅོས་བྱེད་བཞིན་ཡོད།

ཧྲན་ཆེ་གེ་མོ།  ཉིང་སྐྱུར་བཤེར་འཇལ་མཇུག་འབྲས་གདགས་གཤིས་ཡིན་པའི་མི་སྣ་དྲུག་པ། མོ།  ལོ་སོ་གསུམ། ད་ལྟ་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཕིན་ཅཱ་ཀྲེ་གཞིས་ཁུལ་ནུབ་མའི་ཐོག་ཁང་བཅུ་དགུ་པའི་ནང་བསྡད་ཡོད།  ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན། པྲོག་གསར་གློ་ཚད་རིམས་ནད་ལ་ཉིང་སྐྱུར་བཤེར་འཇལ་བྱས་པའི་མཇུག་འབྲས་གདགས་གཤིས་ཡིན་པས། མིག་སྔར་གཏན་ཁེལ་སྨན་ཁང་དུ་བསྐྱལ་ནས་ལོགས་བཀར་སྨན་བཅོས་བྱེད་བཞིན་ཡོད།

ཉེ་སྔོན།   གོང་གི་གདགས་གཤིས་ཡིན་པའི་ནད་པ་གཉིས་ལ་མཆེད་ནད་རིག་པའི་བརྟག་དཔྱད་དང་ཚོད་ལྟ་ཁང་གི་ཞིབ་བཤེར། འབྲེལ་འདྲིས་དམ་ཟབ་བྱེད་མཁན་དག་ལ་རྗེས་འདེད་ཚོད་འཛིན་སོགས་ཀྱི་བྱ་བ་སྤེལ་བཞིན་ཡོད།

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ནས།

ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན།

                                                                                           བཀྲ་ཤིས་འབུམ་གྱིས་བསྒྱུར།