རིམས་ནད་འགོག་སྡོམ་གྱི་ཁྲིམས་འགལ་སྒྲིག་འགལ་བྱ་སྤྱོད་བཅོ་ལྔར་ཁྲིམས་འགན་ཁུར་དགོས།
2021.11.02 ཁུངས། འཕྲོད་བསྟེན་བདེ་ཐང་ཁྲིམས་ལུགས་ལག་ལེན། ཀློག་གྲངས། 50

ཉེ་སྔོན། རྒྱལ་ནང་གི་ས་ཁུལ་མང་པོ་རུ་བསྟུད་མར་འདུ་འཛོམས་རང་བཞིན་གྱི་རིམས་ནད་བྱུང་ནས། རིམས་ནད་འགོག་སྡོམ་གྱི་གནོན་ཤུགས་བསྟུད་མར་ཇེ་ཆེར་སོང་ཡོད། ང་ཚོས་ཇི་ལྟར་འགོག་སྡོམ་བཟང་པོ་བྱ་དགོས་ཤེ་ན། གནད་དམ་པ་ནི་གཞོགས་འདེགས་དང་བཀོད་སྒྲིག་ལེགས་པོ་བྱེད་རྒྱུ་དེ་ཡིན་ལ། གལ་ཏེ་འགྲུལ་བཞུད་ཀྱི་གནས་ཚུལ་སྦ་གསང་བྱས་པ་དང་། རིམས་འགོག་བྱ་བར་གཞོགས་འདེགས་མ་བྱས་ཚེ། བཅའ་ཁྲིམས་ཀྱི་འགན་ཁུར་དགོས།

རིམས་ནད་འགོག་སྡོམ་ཁྲོད་རྒྱུན་དུ་མཐོང་བའི་ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་ལ་རྒྱུས་ལོན་བྱེད་པ་དང་། ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལས་བྱུང་བའི་བཅའ་ཁྲིམས་ཀྱི་མཇུག་འབྲས་ངན་པ་གསལ་པོར་ཤེས་པར་བྱས་ཏེ། རིམས་འགོག་བྱ་བ་སྒྲིག་ཁྲིམས་ལྟར་ཕན་ནུས་ལྡན་པར་སྒྲུབ་པར་བྱེད་ཆེད། གཤམ་གྱི་ཕྱོགས་བཅོ་ལྔའི་གནད་དོན་ངེས་པར་དུ་ཤེས་དགོས།

1. ཉིང་སྐྱུར་བཤེར་འཇལ་གྱི་གྲས་སུ་བཞག་པའི་མི་རྣམས་གཅིག་གྱུར་གྱིས་རྩ་འཛུགས་བྱས་པའི་ཉིང་སྐྱུར་བཤེར་འཇལ་ལ་མ་ཞུགས་ན་མཇུག་འབྲས་ཅི་འདྲ་ཁུར་དགོས་སམ།

ཡིད་རྟོན་མི་རུང་བར་བརྩིས་ཏེ་སྤྱི་པའི་ཡིད་རྟོན་ཆ་འཕྲིན་བསྡུ་ཉར་དང་ཞབས་ཞུའི་སྟེགས་བུ་རུ་འགོད་ངེས་པས། རྗེས་ཕྱོགས་སྒེར་གྱི་དངུལ་བསྐྱི་དང་འཛད་སྤྱོད། ལས་ཞུགས། གོ་གནས་སོགས་ལ་བར་ཆད་བཟོ་ངེས་པར་མ་ཟད། གནས་ཚུལ་ལ་བལྟས་ནས་ཐ་ཚིག་སྒྲོག་པ་དང་དངུལ་ཆད་གཅོད་པ། བཀག་ཉར་བྱེད་པ་སོགས་བདེ་འཇགས་དོ་དམ་གྱི་ཆད་པ་བཅད་ཆོག་ལ། ཐ་ན་ནད་ཡམས་འགོག་བཅོས་ལ་བར་ཆད་བྱས་པའི་ཉེས་ཆད་བཅད་ཆོག

2. སྡོད་ཁུལ་དང་ཁྲོམ་ར། ཚལ་ཁྲོམ་སོགས་སུ་བདེ་ཐང་ཆ་འཕྲིན་བརྟག་བཤེར་ལ་གཞོགས་འདེགས་མ་བྱས་པ་དང་། ཐོབ་ཐང་ཐོ་འགོད་གཏན་ཁེལ་དང་ལེན་མ་བྱས་ན་མཇུག་འབྲས་ཅི་འདྲ་ཁུར་དགོས་སམ།

གནས་ཚུལ་ལ་བལྟས་ཏེ་ཐ་ཚིག་སྒྲོག་པ་དང་དངུལ་ཆད་བཅད་ཆོག་ལ། གནས་ཚུལ་ཚབས་ཆེ་ཚེ་བཀག་ཉར་བྱས་ཆོག པྲོག་གསར་གློ་ཚད་ཀྱི་ནད་དུག་འགོས་པར་བྱས་པ་དང་འགོད་མཆེད་ཀྱི་ཉེན་ཁ་ཚབས་ཆེན་བཟོས་ཚེ། ནད་ཡམས་འགོག་བཅོས་ལ་བར་ཆད་བྱས་པའི་ཉེས་ཆད་བཅད་ཆོག

3. སྒོ་ཕྱིར་འགྲོ་སྐབས་ཁ་ཐུམ་མ་བརྒྱབ་ན་བཅའ་ཁྲིམས་ཀྱི་འགན་ཅི་ཞིག་ཁུར་དགོས་སམ།

སྡོད་དམངས་ཀྱིས་སྤྱི་སྤྱོད་འགྲིམ་འགྲུལ་རླངས་འཁོར་ལ་འདུག་སྐབས་དང་། སྡོད་ཁུལ་གྱི་སྒོ་ཆེན་བརྒལ་སྐབས་སོགས་སྤྱི་པའི་གནས་སུ་དོ་དམ་མི་སྣའི་ཁ་ལ་མ་ཉན་པར་ཁ་ཐུམ་མི་རྒྱག་པ་དང་། ཡང་ན་ཉེན་ཁ་ཆེ་འབྲིང་གི་ས་ཁུལ་གྱི་སྡོད་དམངས་སྒོ་ཕྱིར་འགྲོ་སྐབས་ཁ་ཐུམ་མི་རྒྱག་ན། ཐ་ཚིག་སྒྲོག་པ་དང་དངུལ་ཆད་བཅད་ཆོག་ལ། གནས་ཚུལ་ཚབས་ཆེ་ཚེ་བཀག་ཉར་བྱས་ཆོག པྲོག་གསར་གློ་ཚད་ཀྱི་ནད་དུག་འགོས་པར་བྱས་པ་དང་འགོད་མཆེད་ཀྱི་ཉེན་ཁ་ཚབས་ཆེན་ཡོད་ཚེ། ནད་ཡམས་འགོག་བཅོས་ལ་བར་ཆད་བྱས་པའི་ཉེས་ཆད་བཅད་ཆོག

4. བཀག་སྡོམ་ཚོད་འཛིན་སྡོད་ཁུལ་གྱི་སྡོད་དམངས་ཚོས《བདེ་ཐང་དོ་དམ་བྱ་བའི་ཁྲིད་སྟོན》གྱི་གཏན་ཁེལ་དང་འགལ་ནས། གང་འདོད་དུ་སྒོ་ཕྱིར་འགྲོ་བ་དང་འདུ་འཛོམས་བྱས་ཚེ་མཇུག་འབྲས་ཅི་འདྲ་ཁུར་དགོས་སམ།

《བདེ་ཐང་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པའི་གཏན་ཁེལ་ལྟར་ན། གནས་ཚུལ་ཚབས་ཆེ་ཚེ། བཀག་ཉར་བྱས་ཆོག་པར་མ་ཟད་དངུལ་ཆད་བཅད་ཆོག

《རྩ་ཁྲིམས》ཀྱི་འབྲེལ་ཡོད་གཏན་ཁེལ་ལྟར་ན། པྲོག་གསར་གློ་ཚད་ཀྱི་ནད་དུག་འགོས་པར་བྱས་པ་དང་ཡང་ན་འགོས་མཆེད་ཀྱི་ཉེན་ཁ་ཚབས་ཆེན་བཟོས་ཚེ། ནད་ཡམས་འགོག་བཅོས་ལ་བར་ཆད་བྱས་པའི་ཉེས་ཆད་བཅད་ཆོག་ལ། ནད་ངོས་བཟུང་བའི་ནད་པ་དང་ནད་དུག་ཅན་གྱི་ནད་པས་ནད་ཀྱི་གནས་ཚུལ་དང་འགྲུལ་བཞུད་ཀྱི་གནས་ཚུལ་སྦ་གསང་བྱས་ནས། སྤྱི་པའི་གནས་སུ་འགྲོ་བ་དང་ཡང་ན་སྤྱི་སྤྱོད་འགྲིམ་འགྲུལ་རླངས་འཁོར་ལ་བསྡད་དེ། པྲོག་གསར་གློ་ཚད་ཀྱི་ནད་དུག་མཆེད་དུ་བཅུག་ཚེ། ཉེན་ཁའི་ལམ་ནས་སྤྱི་པའི་བདེ་འཇགས་ལ་བར་ཆད་བཟོས་པའི་ཉེས་ཆད་གཅོད་སྲིད།

5. བདེ་ཐང་བཤེར་ཨང་སེར་པོ་དང་དམར་པོ་ཅན་གྱི་མི་སྣས་ཐག་གཅོད་ལྟར་ལོགས་བཀར་གསོ་རིག་བརྟག་དཔྱད་མ་བྱས་པ་དང་ཡང་ན་ཁྱིམ་ནས་བསྡད་དེ་བདེ་ཐང་བརྟག་དཔྱད་མ་བྱས་ཚེ་མཇུག་འབྲས་ཅི་འདྲ་ཁུར་སྲིད་དམ།

གནས་ཚུལ་ལ་གཞིགས་ནས་ཐ་ཚིག་སྒྲོག་པ་དང་དངུལ་ཆད་བཅད་ཆོག གནས་ཚུལ་ཚབས་ཆེ་ཚེ་བཀག་ཉར་བྱས་ཆོག པྲོག་གསར་གློ་ཚད་ཀྱི་ནད་དུག་འགོས་པར་བྱས་པ་དང་འགོད་མཆེད་ཀྱི་ཉེན་ཁ་ཚབས་ཆེན་བཟོས་ཚེ། ནད་ཡམས་འགོག་བཅོས་ལ་བར་ཆད་བྱས་པའི་ཉེས་ཆད་བཅད་ཆོག

6. རིམས་ནད་འགོག་སྡོམ་གྱི་སྐབས་སུ། སྡོད་དམངས་གཏན་ཁེལ་དང་འགལ་ནས་སྒོ་ཕྱིར་སོང་སྟེ་མཱ་ཅང་རྒྱག་པ་དང་། བཟའ་བཏུང་དང་རོལ་རྩེད་སོགས་འདུ་འཛོམས་བྱ་འགུལ་སྤེལ་ཚེ། འགན་ཅི་འདྲ་ཁུར་དགོས་སམ།

《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པའི་གཏན་ཁེལ་ལྟར་ན། གནས་ཚུལ་ཚབས་ཆེ་ཚེ། བཀག་ཉར་བྱས་ཆོག་པར་མ་ཟད་དངུལ་ཆད་བཅད་ཆོག

《རྩ་ཁྲིམས》ཀྱི་འབྲེལ་ཡོད་གཏན་ཁེལ་ལྟར་ན། པྲོག་གསར་གློ་ཚད་ཀྱི་ནད་དུག་འགོས་པར་བྱས་པ་དང་ཡང་ན་འགོས་མཆེད་ཀྱི་ཉེན་ཁ་ཚབས་ཆེན་བཟོས་ཚེ། ནད་ཡམས་འགོག་བཅོས་ལ་བར་ཆད་བྱས་པའི་ཉེས་ཆད་བཅད་ཆོག་ལ། ནད་ངོས་བཟུང་བའི་ནད་པ་དང་ནད་དུག་ཅན་གྱི་ནད་པས་ནད་ཀྱི་གནས་ཚུལ་དང་འགྲུལ་བཞུད་ཀྱི་གནས་ཚུལ་སྦ་གསང་བྱས་ནས། སྤྱི་པའི་གནས་སུ་འགྲོ་བ་དང་ཡང་ན་སྤྱི་སྤྱོད་འགྲིམ་འགྲུལ་རླངས་འཁོར་ལ་བསྡད་དེ། པྲོག་གསར་གློ་ཚད་ཀྱི་ནད་དུག་མཆེད་དུ་བཅུག་ཚེ། ཉེན་ཁའི་ལམ་ནས་སྤྱི་པའི་བདེ་འཇགས་ལ་བར་ཆད་བཟོས་པའི་ཉེས་ཆད་བཅད་ཆོག

7. སྲིད་གཞུང་གི་རིམས་ནད་འགོག་སྡོམ་དོ་དམ་གཏན་ཁེལ་དང་འགལ་ནས། ཁྱིམ་ཚང་དུ་ཟུར་ཁྲིད་འཛིན་གྲྭ་འཛུགས་པ་དང་མཱ་ཅང་རྒྱག་ཏུ་འཇུག་པ། སྒྲིག་ཁྲིམས་དང་འགལ་ནས་ཆམ་ནད་དང་ཚ་ནད་ཀྱི་སྨན་བཙོང་ན་མཇུག་འབྲས་ཅི་འདྲ་ཁུར་དགོས་སམ།

གནས་ཚུལ་ལ་གཞིགས་ནས་ཐ་ཚིག་སྒྲོག་པ་དང་དངུལ་ཆད་བཅད་ཆོག་ལ། གནས་ཚུལ་ཚབས་ཆེ་ཚེ་བཀག་ཉར་བྱས་ཆོག པྲོག་གསར་གློ་ཚད་ཀྱི་ནད་དུག་འགོས་པར་བྱས་པ་དང་ཡང་ན་འགོས་མཆེད་ཀྱི་ཉེན་ཁ་ཚབས་ཆེན་བཟོས་ཚེ། ནད་ཡམས་འགོག་བཅོས་ལ་བར་ཆད་བྱས་པའི་ཉེས་ཆད་བཅད་ཆོག་

8. གཅིག་བསྡུས་ལོགས་བཀར་བྱས་ཚར་རྗེས། གཏན་ཁེལ་བཞིན་དུ་བདེ་ཐང་ལྟ་བཤེར་དང་དོ་དམ་དང་ལེན་མ་བྱས་ན་མཇུག་འབྲས་ཅི་འདྲ་ཁུར་དགོས་སམ།

《བདེ་ཐང་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པའི་གཏན་ཁེལ་ལྟར་ན། ཐ་ཚིག་སྒྲོག་པ་དང་དངུལ་ཆད་བཅད་ཆོག གནས་ཚུལ་ཚབས་ཆེ་ཚེ་བཀག་ཉར་བྱས་ཆོག་པར་མ་ཟད་དངུལ་ཆད་བཅད་ཆོག

《རྩ་ཁྲིམས》ཀྱི་འབྲེལ་ཡོད་གཏན་ཁེལ་ལྟར་ན།  པྲོག་གསར་གློ་ཚད་ཀྱི་ནད་དུག་འགོས་པར་བྱས་པ་དང་ཡང་ན་འགོས་མཆེད་ཀྱི་ཉེན་ཁ་ཚབས་ཆེན་བཟོས་ཚེ། ནད་ཡམས་འགོག་བཅོས་ལ་བར་ཆད་བྱས་པའི་ཉེས་ཆད་བཅད་ཆོག

9. ནད་ཀྱི་གནས་ཚུལ་དང་འགྲུལ་བཞུད་ཀྱི་གནས་ཚུལ་སྦ་གསང་བྱས་པ་དང་། ནད་ངོས་བཟུང་བའི་ནད་པ་དང་ཡང་ན་དོགས་ཡོད་ནད་པར་འབྲེལ་འདྲིས་ཟབ་མོ་བྱས་ཚུལ་སྦ་གསང་བྱས་ཚེ་མཇུག་འབྲས་ཅི་འདྲ་ཁུར་དགོས་སམ།

《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པའི་གཏན་ཁེལ་ལྟར་ན། ཐ་ཚིག་སྒྲོག་པ་དང་དངུལ་ཆད་བཅད་ཆོག་ལ། གནས་ཚུལ་ཚབས་ཆེ་ཚེ་བཀག་ཉར་བྱས་ཆོག་པར་མ་ཟད་དངུལ་ཆད་བཅད་ཆོག

《རྩ་ཁྲིམས》ཀྱི་འབྲེལ་ཡོད་གཏན་ཁེལ་ལྟར་ན། པྲོག་གསར་གློ་ཚད་ཀྱི་ནད་དུག་འགོས་པར་བྱས་པ་དང་ཡང་ན་འགོས་མཆེད་ཀྱི་ཉེན་ཁ་ཚབས་ཆེན་བཟོས་ཚེ། ནད་ཡམས་འགོག་བཅོས་ལ་བར་ཆད་བྱས་པའི་ཉེས་ཆད་བཅད་ཆོག ནད་ངོས་བཟུང་བའི་ནད་པ་དང་ནད་དུག་ཅན་གྱི་ནད་པས་ནད་ཀྱི་གནས་ཚུལ་དང་འགྲུལ་བཞུད་ཀྱི་གནས་ཚུལ་སྦ་གསང་བྱས་ནས། སྤྱི་པའི་གནས་སུ་འགྲོ་བ་དང་ཡང་ན་སྤྱི་སྤྱོད་འགྲིམ་འགྲུལ་རླངས་འཁོར་ལ་བསྡད་དེ། པྲོག་གསར་གློ་ཚད་ཀྱི་ནད་དུག་མཆེད་དུ་བཅུག་ཚེ། ཉེན་ཁའི་ལམ་ནས་སྤྱི་པའི་བདེ་འཇགས་ལ་བར་ཆད་བཟོས་པའི་ཉེས་ཆད་བཅད་ཆོག

10. སྡོད་དམངས་དང་ཁེ་ལས་ཀྱིས་རིམས་ནད་འགོག་སྡོམ་དང་འབྲེལ་བའི་དུག་སེལ་བྱ་བར་གཞོགས་འདེགས་མ་བྱས་ན་འགན་ཅི་འདྲ་ཁུར་དགོས་སམ།

གནས་ཚུལ་ལ་གཞིགས་ནས་ཐ་ཚིག་སྒྲོག་པ་དང་དངུལ་ཆད་བཅད་ཆོག གནས་ཚུལ་ཚབས་ཆེ་ཚེ་བཀག་ཉར་བྱས་ཆོག པྲོག་གསར་གློ་ཚད་ཀྱི་ནད་དུག་འགོས་པར་བྱས་པ་དང་ཡང་ན་འགོས་མཆེད་ཀྱི་ཉེན་ཁ་ཚབས་ཆེན་བཟོས་ཚེ། ནད་ཡམས་འགོག་བཅོས་ལ་བར་ཆད་བྱས་པའི་ཉེས་ཆད་བཅད་ཆོག

དྲག་ཤུགས་དང་འཇིགས་སྣང་གི་ལམ་ནས་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་པས་ཁྲིམས་ལྟར་ནད་ཡམས་རྟོག་ཞིབ་བྱ་བ་སྒྲུབ་པར་བཀག་འགོག་བྱས་ཚེ། སྤྱི་པར་གནོད་བསྐྱལ་བའི་ཉེས་ཆད་བཅད་ཆོག

11. ཚ་རྒྱས་པ་དང་སྐམ་ལུ་བྱེད་པ། ཐང་ཆད་པ། སྣ་དང་ལྕེའི་ཚོར་བ་ཉམས་པ། སྣ་འཚུབ་པ། སྣ་ཆུ་བཞུར་བ། མིད་པ་ན་བ། མིག་སྐྱའི་གཉན་ཚད་རྒྱས་པ། ཤ་གནད་ན་བ། ཕོ་བ་བཤལ་བ་སོགས་ནད་རྟགས་བྱུང་བའི་མི་སྣས། རིམས་ནད་འགོག་སྡོམ་ཚོད་འཛིན་གྱི་རེ་བ་ལྟར་དུ་ཚ་རྒྱས་ནད་བརྟག་བྱེད་སར་སོང་ནས་བརྟག་དཔྱད་མ་བྱས་ན་མཇུག་འབྲས་ཅི་འདྲ་ཁུར་དགོས་སམ། 

གནས་ཚུལ་ལ་གཞིགས་ནས་ཐ་ཚིག་སྒྲོག་པ་དང་དངུལ་ཆད་བཅད་ཆོག གནས་ཚུལ་ཚབས་ཆེ་ཚེ་བཀག་ཉར་བྱས་ཆོག པྲོག་གསར་གློ་ཚད་ཀྱི་ནད་དུག་འགོས་པར་བྱས་པ་དང་ཡང་ན་འགོས་མཆེད་ཀྱི་ཉེན་ཁ་ཚབས་ཆེན་བཟོས་ཚེ། ནད་ཡམས་འགོག་བཅོས་ལ་བར་ཆད་བྱས་པའི་ཉེས་ཆད་བཅད་ཆོག

12. རིམས་ནད་འགོག་སྲུང་དང་བདེ་འཇགས་སྡེ་ཁག་གིས་མཆེད་ནད་རིག་པའི་བརྟག་དཔྱད་བྱ་བ་སྤེལ་བར་རམ་འདེགས་མ་བྱས་ན་འགན་འཁྲི་ཅི་ཞིག་ཁུར་དགོས་སམ། 

གནས་ཚུལ་ལ་གཞིགས་ནས་ཐ་ཚིག་སྒྲོག་པ་དང་དངུལ་ཆད་བཅད་ཆོག གནས་ཚུལ་ཚབས་ཆེ་ཚེ་བཀག་ཉར་བྱས་ཆོག པྲོག་གསར་གློ་ཚད་ཀྱི་ནད་དུག་འགོས་པར་བྱས་པ་དང་ཡང་ན་འགོས་མཆེད་ཀྱི་ཉེན་ཁ་ཚབས་ཆེན་བཟོས་ཚེ། ནད་ཡམས་འགོག་བཅོས་ལ་བར་ཆད་བྱས་པའི་ཉེས་ཆད་བཅད་ཆོག དྲག་ཤུགས་དང་འཇིགས་སྐུལ་གྱི་ལམ་ནས་རྒྱལ་ཁབ་ལས་ཁུངས་ཀྱི་རིམས་ནད་འགོག་སྡོམ་ལས་དོན་པས་ཁྲིམས་ལྟར་རིམས་ནད་གནས་ཚུལ་ལ་རྟོག་ཞིབ་བྱེད་པར་བར་ཆད་བཟོས་ན། གཞུང་དོན་ལ་བར་ཆད་བཟོས་པའི་ཉེས་ཆད་བཅད་ཆོག 

13. གཞན་བློ་འགུག་པ་དང་ཚོང་ལས་ཀྱི་དམིགས་ཡུལ་ཆེད་དུ་ཐལ་དྲགས་པའི་ཀུ་རེའི་ཚུལ་དུ། རིམས་ནད་ཀྱི་བརྡ་འཕྲིན་རྫུན་མ་སྒྲིག་བཟོ་བྱས་ཏེ། དྲ་ཚིགས་སོགས་སྤྱི་པའི་ཚོང་རར་ཁྱབ་བསྒྲགས་བྱེད་པའམ། ཡང་ན་བརྡ་འཕྲིན་རྫུན་མ་ཡིན་པ་ཤེས་བཞིན་དུ་ཁྱབ་སྤེལ་དྲིལ་སྒྲོག་བྱེད་པར་རོགས་རམ་བྱས་ན། བཅའ་ཁྲིམས་ཀྱི་འགན་འཁྲི་ཅི་ཞིག་ཁུར་དགོས་སམ། 

《ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་ཐབས》ཀྱི་དོན་ཚན་རེ་ལྔ་པའི་གཏན་ཁེལ་ལྟར། བཅོས་སྒྱུར་བྱེད་དགོས་པའི་རེ་བ་འདོན་པ་དང་ཐ་ཚིག་བསྒྲག་ཆོག མཇུག་འབྲས་ཚབས་ཆེན་བཟོས་པ་ལ། ཁྲིམས་ལྟར་ཚོང་གཉེར་མཚམས་འཇོག་ཏུ་འཇུག་པའམ་ཚོང་གཉེར་གྱི་ཆོག་མཆན་དཔང་ཡིག་མེད་པར་བཟོས་ཆོག 《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ཉེར་ལྔ་པའི་གཏན་ཁེལ་ལྟར་ན། བཀག་ཉར་བྱས་ཆོག་པར་མ་ཟད་དངུལ་ཆད་བཅད་ཆོག

14. རིམས་ནད་སྐབས་སུ་དངོས་གོང་ཇེ་མཐོར་བཏང་ནས་ཁེ་སྤོགས་ཆེན་པོ་བླངས་ན་ཆད་པ་ག་འདྲ་གཅོད་སྲིད་དམ། 

བདེ་སྲུང་དོ་དམ་ཆད་གཅོད་ལས་གཞན། ཁྲིམས་འགལ་གྱི་ཐོབ་བྱའི་གྲངས་འབོར་ཅུང་ཆེ་བའམ་ཡང་ན་གནས་ཚུལ་ཚབས་ཆེན་གཞན་པར་བརྟེན་ནས། ཚོང་རའི་སྒྲིག་ལམ་ལ་རྙོག་དྲ་ཆེན་པོ་བཟོས་ན། ཁྲིམས་འགལ་གྱིས་ཚོང་གཉེར་བྱས་པའི་ཉེས་ཆད་བཅད་ཆོག 

15. རིམས་ནད་བཀག་སྡོམ་ཚོད་འཛིན་གྱི་གཏན་འཁེལ་དང་འགལ་ནས། ཁ་ཐུམ་དང་འགོག་སྲུང་ལྭ་བ་སོགས་སྨན་བཅོས་འགོག་སྲུང་ཅ་ལག་གང་སར་གཡུག་ན་བཅའ་ཁྲིམས་ཀྱི་འགན་ཅི་ཞིག་ཁུར་དགོས་སམ། 

ཁ་ཐུམ་དང་འགོག་སྲུང་ལྭ་བ་སོགས་སྨན་བཅོས་འགོག་སྲུང་ཅ་ལག་སྟེ་འགོས་ནད་ཀྱི་ནད་དུག་གི་རྟེན་དུ་གྱུར་བའི་མཁོ་མེད་དངོས་རྫས་དང་། དུག་ལྡན་དངོས་རྫས། ཡང་ན་དུག་ལྡན་དངོས་རྫས་གཞན་པ་སོགས་གང་འདོད་དུ་གཡུག་ན། ཁོར་ཡུག་ལ་སྦགས་བཙོག་ཚབས་ཆེན་བཟོ་སྲིད་པས། ཁོར་ཡུག་སྦགས་བཙོག་བཟོས་པའི་ཉེས་ཆད་བཅད་ཆོག བསམ་བཞིན་དུ་པྲོག་གསར་གློ་ཚད་ནད་དུག་འགོས་པར་བྱས་པ་དང་། སྤྱི་བའི་བདེ་འཇགས་ལ་ཉེན་ཁ་བཟོས་ན། ཉེན་ཁའི་ལམ་ནས་སྤྱི་པའི་བདེ་འཇགས་ལ་བར་ཆད་བཟོས་པའི་ཉེས་ཆད་བཅད་ཆོག