ཟླ11པའི་ཚེས3ཉིན་གྱི་ཞོགས་པར། ཟི་ལིང་གྲོང་ཁྱེར་དུ་པྲོག་གསར་གློ་ཚད་རིམས་ནད་ལ་ཉིང་སྐྱུར་བཤེར་འཇལ་མཇུག་འབྲས་གདགས་གཤིས་ཡིན་པའི་མི་གཅིག་ཇེ་མང་དུ་སོང་བ་དང་། ད་ལྟ་འབྲེལ་ཡོད་གནས་ཚུལ་སྐོར་ནས་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར།
ལེང་ཆེ་གེ་མོ། (ཉིང་སྐྱུར་བཤེར་འཇལ་གདགས་གཤིས་མི་སྣ་བཅུ་གཅིག་པ)མོ། ལོ་སོ་གཅིག་ཡིན། ད་ལྟ་མཁར་བྱང་ཁུལ་ཁྲའོ་དབྱང་ནུབ་ལམ་གྱི་ཏིན་ཨན་སྡེ་ཁུལ་གྱི་ཐོག་བརྩེགས་དྲུག་པའི་ནང་བསྡད་ཡོད། ནད་ངོས་བཟུང་བའི་ནད་པ་བཅུ་པ་ཝང་ཆེ་གེ་མོ་དང་འབྲེལ་འདྲིས་དམ་ཟབ་བྱེད་མཁན་ཡིན་ལ། ཐུན་མོང་ལོགས་བཀར་སྨན་བཅོས་བརྟག་དཔྱད་བྱས་པའི་རིང་། ཉིན་རེའི་ཉིང་སྐྱུར་བཤེར་འཇལ་ལས་མཇུག་འབྲས་གདགས་གཤིས་མངོན་པས། མིག་སྔར་གཏན་ཁེལ་སྨན་ཁང་དུ་བསྐྱལ་ནས་ལོགས་བཀར་སྨན་བཅོས་བྱེད་བཞིན་པའི་སྒང་ཡིན།
མིག་སྔར། གོང་གི་པྲོག་གསར་གློ་ཚད་རིམས་ནད་ལས་ཉིང་སྐྱུར་བཤེར་འཇལ་མཇུག་འབྲས་གདགས་གཤིས་ཡིན་པའི་མི་སྣར་མཆེད་ནད་རིག་པའི་བརྟག་དཔྱད་དང་ཚོད་ལྟའི་ཁང་དུ་བརྟག་དཔྱད་བྱེད་བཞིན་པའི་སྒང་ཡིན་ལ། འབྲེལ་འདྲིས་དམ་ཟབ་བྱེད་མཁན་འཚོལ་བ་དང་བཀག་སྡོམ་བྱེད་བཞིན་ཡོད།
ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ནས།
2021ལོའི་ཟླ11པའི་ཚེས3ཉིན།
བན་དེ་སྐྱབས་ཀྱིས་བསྒྱུར།