ཉེ་ལམ། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཏང་གི་གྲོན་དངུལ་སྒོར་ས་ཡ་གཅིག་དང་འབུམ་བཞི་བཀོལ་བའི་རྨང་གཞིའི་སྟེང་། ཡང་བསྐྱར་སྒོར་འབུམ་ལྔ་བསྣན་ནས། བསྡོམས་པས་ཏང་གི་གྲོན་དངུལ་སྒོར་ས་ཡ་གཅིག་དང་འབུམ་དགུ་བཀོལ་ཏེ། གྲོང་ཁྱེར་དང་ཁུལ་བརྒྱད་དང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་སོགས་ས་ཁུལ་དང་ལས་ཁུངས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱེད་པའི་ཆེད་སྤྱོད་མ་དངུལ་ལ་བྱིན་པ་དང་། ཏང་གི་གྲོན་དངུལ་བཀོལ་ནས་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱེད་པར་རྒྱབ་སྐྱོར་བྱེད་པའི་བྱ་བའི་ཇུས་གཞི་པར་བསྐྲུན་འགྲེམ་སྤེལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱེད་པའི་འཐབ་ཡུལ་དང་པོའི་གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་གུང་ཁྲན་ཏང་ཡོན་ལ་མཛུབ་སྟོན་དང་འཚམས་འདྲི་བྱས། གཞི་རིམ་ཏང་ཡོན་ལས་བྱེད་པས་ཆོད་སེམས་འགྱུར་མེད་དང་འགུལ་སྐྱོད་དངོས་ལ་བརྟེན་ནས་རིམས་ནད་འགོག་རྒོལ་མཐའ་འཁྱོལ་བྱེད་པར་སྐུལ་སློང་དང་ཁྲིད་སྟོན་བྱས།
རྒྱུས་ལོན་པ་ལྟར་ན། བཀོལ་གཏོང་བྱས་པའི་ཏང་གི་གྲོན་དངུལ་གཙོ་བོ་རིམས་ནད་འགོག་སྡོམ་གྱི་འཐབ་ཡུལ་དང་པོའི་སྨན་བཅོས་མི་སྣ་དང་གཞི་རིམ་ཏང་ཡོན། ལས་བྱེད་པར་འཚམས་འདྲི་བྱེད་པར་བཀོལ་བ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱིས་རིམས་འགོག་བྱ་བར་སྒྲུབ་པར་མཁོ་བའི་འབྲེལ་ཡོད་སྨན་རྫས་དང་དངོས་ཟོག་ཉོ་བར་རྒྱབ་སྐྱོར་བྱེད་པ། པྲོག་གསར་གློ་ཚད་རིམས་ནད་བྱུང་ནས་འཚོ་བར་དཀའ་ཁག་བྱུང་བའི་ཏང་ཡོན་དང་མང་ཚོགས་ལ་རོགས་སྐྱོར་བྱེད་པར་བཀོལ། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་རིམ་པ་སོ་སོའི་ཏང་ཡོན་མགོ་ཁྲིད་ཀྱིས་མགོ་ཁྲིད་ནས་འཐབ་ཡུལ་དང་པོར་ཞུགས་པའི་རེ་བ་བཏོན་པ་དང་། རིམས་ནད་འགོག་སྡོམ་གྱི་འཐབ་ཡུལ་དང་པོར་གནས་པའི་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ལ་ཏང་དང་སྲིད་གཞུང་གི་བླ་མེད་ཐུགས་ཁུར་ཚོར་དུ་བཅུག་ལ། གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་གུང་ཁྲན་ཏང་ཡོན་གྱིས་འཐབ་འཛིང་བཙན་རྫོང་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པར་སྐུལ་མ་བཏང་བ་མ་ཟད། རིམས་ནད་འགོག་སྡོམ་གྱི་གཡུལ་ལས་རྣམ་པར་རྒྱལ་བར་བྱེད་པར་སྐུལ་མ་བཏང་།