ཉེ་ལམ།ཐེམ་ཆེན་རྫོང་ལུང་དམར་ཡུལ་ཚོའི་ཁྲིམས་འཛིན་ལས་ཁུངས་ཀྱིས་ལུང་དམར་ཡུལ་ཚོ་རུ་སྡེ་དམངས་ཚོགས་ཆེན་གོ་སྐབས་སུ་བཟུང་ནས་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་དང་མཉམ་དུ་རིམས་ནད་འགོག་སྡོམ་བརྗོད་བྱར་བྱས་པའི་དྲིལ་བསྒྲགས་བྱ་འགུལ་སྤེལ། ཚོགས་འདུའི་ཐོག་རིམས་ནད་འགོག་སྡོམ་ལས་དོན་གྱི་བཀོད་སྒྲིག་ལ་གཞིགས་ནས་ཚོགས་འདུ་འཚོགས་ཡུལ་དུ་སྔ་རྗེས་སུ་སྒེའུ་ཁུང་ཕྱེས་ཤིང་དུག་སེལ་བྱས་པ་དང་། ཚོགས་ཞུགས་མི་སྣ་ཚང་མས་ངེས་པར་དུ"བཤེར་རིས་བཞི་" དང་ལུས་པོའི་ཚ་གྲང་ལ་བལྟ་བ། ཁ་ཐུམ་རྒྱག་པ། དངོས་མིང་ཐོ་འགོད་བཅས་བྱས་རྗེས་ཚོགས་འདུ་འཚོགས། ཚོགས་འདུའི་ཐོག་ད་ལྟའི་རིམས་ནད་གནས་བབ་ཐད་གསལ་བཤད་མདོར་བསྡུས་བྱས་ནས་ཚང་མར་ཞིང་ཆེན་དང་ཁུལ། རྫོང་རིམ་པའི་རིམས་ནད་འགོག་སྡོམ་ལས་དོན་གྱི་འབྲེལ་ཡོད་བླང་བྱ་དང་འོས་འགན་ལྟར་སྒྲུབ་དགོས་ཚུལ་བསྟན་པ་དང་། ཉེ་ལམ། རིམས་ནད་བྱུང་སའི་ས་ཁུལ་ནས་ཕྱིར་ཕ་ཡུལ་དུ་ལོག་མཁན་དང་ཕྱི་ནས་ཡོང་བའི་ཨར་ལས་མི་སྣ་སོགས་ལ་མྱུར་དུ་ཉིང་སྐྱུར་བཤེར་འཇལ་བྱེད་དགོས་པའི་བླང་བྱ་བཏོན།
རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་རིམས་ནད་འགོག་སྡོམ་གྱི་བྱེད་ཐབས་དོན་འཁྱོལ་ནན་ཏན་བྱས་ཏེ་དོན་དག་གཞན་མེད་ཚེ་རྫོང་ནས་ས་ཕྱོགས་གཞན་པར་མི་འགྲོ་བ་དང་ཚོང་ཁང་དང་ཟ་ཁང་སོགས་སུ་འགྲོ་སྐབས་ཁ་ཐུམ་རྒྱག་པ་དང་། བདེ་ཐང་བཤེར་རིས་དང་འགྲུལ་བཞུད་བཤེར་རིས་བཤེར་བ། ལུས་དྲོད་འཇལ་བ་སོགས་བརྒྱུད་ནས་བདེ་ཐང་བྱེད་ཐབས་དོན་འཁྱོལ་ནན་མོ་བྱེད་རྒྱུ་ཡིན་ཟེར།
ཁྲིམས་འཛིན་ལས་དོན་མི་སྣས་ཚོགས་ཞུགས་མི་སྣར་རིམས་ནད་དུས་སྐབས་སུ་ཆ་འཕྲིན་རྫུན་མ་བརྒྱུད་བསྐུར་དང་དཀྲོག་གཏམ་བཤད་པ། དཀྲོག་གཏམ་སྒྲོག་པ་སོགས་བྱས་ཚེ་འབྲེལ་ཡོད་ཁྲིམས་འགན་ཁུར་དགོས། བདེ་ཐང་ཆ་འཕྲིན་དང་ཐོབ་ཐང་ཐོ་འགོད་སོགས་ལ་གཞོགས་འདེགས་མི་བྱེད་པ་དང་དོ་དམ་མི་སྣའི་ཁ་ཐུམ་རྒྱག་དགོས་ཚུལ་གྱི་ཁ་ཏ་སློབ་གསོ་བྱས་ཀྱང་ཨུ་ཚུགས་ཀྱིས་ཁར་མི་ཉན་པ། རིམས་ནད་སྔོན་འགོག་སྐབས་སུ། སྒྲིག་འགལ་གྱིས་ཕྱི་རོལ་དུ་སོང་ནས་ཤོ་རྒྱག་པ་དང་། གསོལ་སྟོན་བཤམས་པ། རོལ་རྩེད་ལ་རོལ་བ་སོགས་མི་སྣ་འདུ་འཛོམས་ཀྱི་བྱེད་སྒོ་སྤེལ་མཁན་ལ་རིམས་ནད་འགོག་སྡོམ་གྱི་གཏན་འབེབས་ལས་འགལ་བའི་ཉེས་ཆད་བཅད་ཆོག རིམས་ནད་དང་འབྲེལ་བ་ཡོད་པའི་ཆ་འཕྲིན་བརྒྱུད་བསྐུར་བྱེད་སྐབས་ངེས་པར་དུ་གཞུང་ཕྱོགས་ཀྱི་སྟེགས་བུས་ཁྱབ་བསྒྲགས་བྱས་པའི་ཆ་འཕྲིན་ཚད་ལྡན་ཅན་ཡིན་དགོས་པར་གསལ་འདེབས་བྱས་པ་དང་ཀྲོག་གཏམ་མི་བཤད་པ་དང་། དཀྲོག་གཏམ་ལ་ཡིད་མི་ཆེས་པ་བཅས་བྱེད་དགོས་ཟེར། ཐེངས་འདིའི་བྱ་འགུལ་ལ་ཁྲིམས་འཛིན་ལས་ཁུངས་ཀྱིས་འཕྲེད་འགེལ་ཡིག་བྱང་བཀལ་བ་དང་ལས་སྒྲུབ་མི་སྣ་བཀོད་སྒྲིག་བྱས་ནས་དྲིལ་བསྒྲགས་རྒྱུ་ཆ30ལྷག་བཀྲམ་ནས་བྱ་འགུལ་གྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་།
འཕྲིན་གཏོང་བ། ཟོན་ཕྱུག་འཚོ།