གསར་འགོད་པས་ཟི་ལིང་གྲོང་ཁྱེར་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ནས་ཤེས་གསལ་ལྟར་ན། ཟླ11པའི་ཚེས9ཉིན་གྱི་དུས་ཚོད0-24བར། ཟི་ལིང་གྲོང་ཁྱེར་དུ་པྲོག་གསར་གློ་ཚད་ཀྱི་ནད་རྟགས་ངོས་འཛིན་བྱས་པའི་ནད་དཔེ་དང་དོགས་གཞི་ཡོད་པའི་ནད་དཔེ། ནད་རྟགས་མེད་པའི་ནད་པ་བཅས་གཅིག་ཀྱང་གསར་དུ་འཕར་མེད།
ཟླ11པའི་ཚེས9ཉིན་གྱི་དུས་ཚོད24རིང་། གྲོང་ཁྱེར་ཡོངས་སུ་བསྟུད་མར་ཉིན་དྲུག་རིང་ལ་པྲོག་གསར་གློ་ཚད་ཀྱི་ནད་རྟགས་ངོས་འཛིན་བྱས་པའི་ནད་དཔེ་དང་། དོགས་གཞི་ཡོད་པའི་ནད་དཔེ། ནད་རྟགས་མེད་པའི་ནད་པ་བཅས་གཅིག་ཀྱང་མ་བྱུང་།