རང་ཞིང་གིས་ནགས་དཔོན་དང་རྩྭ་དཔོན་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་ལག་བསྟར་ཇུས་གཞི་སོགས་ལམ་ལུགས་བྱེད་ཐབས་དྲུག་འགྲེམ་སྤེལ་བྱས།
2021.11.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

གསར་འགོད་པས་ཉེ་ལམ་ཞིང་ཆེན་ནགས་རྩྭ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་ནགས་དཔོན་དང་རྩྭ་དཔོན་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་ལག་བསྟར་ཇུས་གཞི་སོགས་ལམ་ལུགས་བྱེད་ཐབས་ཞེས་པ་མཚོ་སྔོན་ཞིང་ཆེན་ནགས་དཔོན་གཞུང་སྒྲུབ་ཁང་གིས་འགྲེམ་སྤེལ་བྱས།

མཚོ་སྔོན་ཞིང་ཆེན་གྱིས་ནགས་དཔོན་དང་རྩྭ་དཔོན་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་ལག་བསྟར་ཇུས་གཞིའི་ནང2021ལོ་དང2025ལོའི་དུས་རིམ་གཉིས་ཀྱི་ཞིང་ཆེན་ཡོངས་ཀྱི་ནགས་དཔོན་དང་རྩྭ་དཔོན་ལམ་ལུགས་ཀྱི་དམིགས་ཚད་རིགས་སྣ་དང་བྱ་བའི་རིགས་སྣའི་དམིགས་འབེན་གཉིས་གཏན་ཁེལ་བྱས་པ་དང་། དེའི་ཁྲོད། དམིགས་ཚད་རིགས་སྣའི་དམིགས་འབེན་གྱིས2025ལོར་མངོན་འགྱུར་བྱེད་དགོས་པའི་གྲངས་ཀའི་དམིགས་ཚད་ལ་གྲངས་ཚད་གཏན་ཁེལ་བྱས་པ་དང་། བྱ་བའི་རིགས་སྣའི་དམིགས་ཚད་ཀྱིས་དེར་ངོ་བོ་གཏན་ཁེལ་བྱས་པ་མ་ཟད། རྩ་འཛུགས་མ་ལག་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་བ་དང་ནགས་ཚལ་དང་རྩྭ་ཐང་། བརླན་སའི་སྲུང་སྐྱོབ་ལ་ཤུགས་སྣོན་པ། ནགས་ཚལ་དང་རྩྭ་ཐང་། བརླན་སའི་སྐྱེ་ཁམས་སླར་གསོ་ལ་ཤུགས་སྣོན་པ། ནགས་ཚལ་དང་རྩྭ་ཐང་། བརླན་སའི་གནོད་འཚེ་འགོག་སྡོམ་ལ་ཤུགས་སྣོན་པ། ནགས་ཚལ་དང་རྩྭ་ཐང་། བརླན་སའི་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། ནགས་ཚལ་དང་རྩྭ་ཐང་། བརླན་སའི་ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ། གཞི་རིམ་གྱི་རྨང་གཞི་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་པ་སོགས་ཕྱོགས་ནས་བྱ་བའི་ལས་འགན་གཏན་ཁེལ་བྱས། ཇུས་གཞིའི་ནང་ནགས་དཔོན་དང་རྩྭ་དཔོན་ལམ་ལུགས་ཀྱི་རྩ་འཛུགས་མ་ལག་འཛུགས་པའི་དུས་རིམ་དང་ནགས་དཔོན་དང་རྩྭ་དཔོན་ལམ་ལུགས་ཁྱོན་ཡོངས་ནས་འཛུགས་པའི་དུས་རིམ། ཞིབ་དཔྱད་ཀྱི་དུས་རིམ། སྲ་བརྟན་མཐོར་འདེགས་དུས་རིམ་བཅས་ཕྱོགས་བཞིའི་ཐད་ཀྱི་བྱ་བ་སྤེལ་བའི་གནས་ཚུལ་ལ་བཀོད་སྒྲིག་ཞིབ་མོ་བྱས་པ་དང་།  ད་དུང་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། དངུལ་གཏོང་ཚད་ཇེ་ཆེར་གཏོང་བ། དཔྱད་ཞིབ་དང་འགན་འཁྲི་རྩད་གཅོད་ནན་མོ་བྱེད་པ། སྤྱི་ཚོགས་ལྟ་སྐུལ་ལ་ཤུགས་སྣོན་པ་སོགས་ཕྱོགས་ལྔའི་ཐད་ནས་བྱ་བའི་འགན་སྲུང་བྱེད་ཐབས་གཏན་འབེབས་བྱས་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་ནགས་དཔོན་དང་རྩྭ་དཔོན་གྱི་རིམ་པ་སོ་སོ་དང་རིགས་མི་འདྲ་བའི་གྲོས་ཚོགས་དང་ལྟ་སྐུལ། སྐོར་ཞིབ། དཔྱད་ཞིབ། ཆ་འཕྲིན་ཁྱབ་བསྒྲགས་སོགས་འབྲེལ་ཡོད་བྱ་བའི་ཐད་ནས་རེ་བ་གསལ་པོ་བཏོན།

རིན་ཆེན་མཚོས་བསྒྱུར།