མཚོ་ནུབ་ཁུལ་གྱིས་བྱེད་ཐབས་སྣ་བརྒྱ་སྤྱད་དེ་གྲོང་གསེབ་དར་སྤེལ་ཐད་རོགས་འདེགས་བྱས།
2021.11.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 42

ཟླ་བཅུ་གཅིག་པའི་ཚེས་བཅུ་ཉིན། གསར་འགོད་པས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཏང་འཛུགས་བྱ་བའི་གྲུབ་འབྲས་གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱེད་པའི་སྟོབས་ཤུགས་ཆེན་པོ་རུ་བསྒྱུར་བ་དང་། རྩ་འཛུགས་དར་སྤེལ་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་ཆེད།  མཚོ་ནུབ་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་མཚོ་ནུབ་ཁུལ་གྱིས་ཏང་འཛུགས་སྲོག་ཤིང་གི་སྣེ་ཁྲིད་ཇེ་དྲག་ཏུ་བཏང་སྟེ་གྲོང་གསེབ་དར་སྤེལ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བའི་བྱེད་ཐབས་སྣ་བརྒྱ་གཏན་འབེབས་བྱས་པ་མ་ཟད་ཕྱིར་བཏོན་ནས། གྲོང་གསེབ་དར་སྤེལ་གྱི་རྣམ་པ་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་གསོན་ཤུགས་གསར་བ་བསྣན།

རྒྱུས་ལོན་བྱུང་བ་ལྟར་ན། བྱེད་ཐབས་ཀྱིས་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་རྫོང་དང་ཡུལ་ཚོའི་སྟོབས་ཤུགས་ཇེ་ཆེར་གཏོང་བ། གཞི་རིམ་རྩ་འཛུགས་འཛུགས་སྐྲུན་བཟང་བོ་བྱེད་པ། ཐུན་མོང་གི་དཔལ་འབྱོར་གོང་འཕེལ་དུ་གཏོང་བ། རིག་ནུས་ཀྱི་འདེགས་སྐྱོར་ཇེ་དྲག་ཏུ་གཏོང་བ། དཔལ་ཡོན་གྱི་དར་སྲོལ་གསར་བ་དར་སྤེལ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་པ། བྱ་བའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་སོགས་ཕྱོགས་ནས་བྱེ་བྲག་གི་བྱེད་ཐབས་སྣ་བརྒྱ་བཏོན།

བྱེད་ཐབས་ཀྱི་ནང་དོན་ཐད་ནས་ཞིང་སྡེ་འབྲོག་ཁུལ་གྱི་གཞི་རིམ་ལས་བྱེད་པའི་གྲོང་གསེབ་དར་སྤེལ་བརྗོད་དོན་གྱི་གསོ་སྦྱོང་འཆར་གཞི་དང་ཞང་དང་གྲོང་རྡལ་ལས་ཁུངས་ཀྱི་བཅོས་བསྒྱུར་རྒྱུན་མཐུད་ངང་སྤེལ་བ། རྒྱུན་སྲོལ་ཅན་གྱི་ནུས་པ་མེད་པའི་སྡེ་བའི་ཏང་རྩ་འཛུགས་ལ་དག་ཐེར་བཅོས་སྐྱོང་བྱེད་པ། མཚོ་ནུབ་ཁུལ་གྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་ཐུན་མོང་གི་དཔལ་འབྱོར་ཐོན་ལས་སྟོང་བ་མེད་པར་བྱེད་པའི་བཟོ་སྐྲུན་ལག་བསྟར་བྱེད་པ། སློབ་གྲྭ་ཆེན་མོ་བ་ཕྱིར་ཕ་ཡུལ་དུ་ལོག་ནས་ཞབས་འདེགས་ཞུ་བའི་འཆར་འགོད། ད་དུང་སྐོར་གསར་བའི་སྡེ་སྲོལ་དམངས་ཆིངས་བཟོ་བཅོས་འཆར་འགོད་སོགས་འདུ་ལ། བྱེད་ཐབས་དེ་ལག་བསྟར་བྱེད་པ་བརྒྱུད་དེ་མཚོ་ནུབ་ཀྱིས་གྲོང་གསེབ་དར་སྤེལ་དགོངས་པའི་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བ་དང་གྲོང་གསེབ་དར་སྤེལ་གྱི་མདུན་གྲས་གཡུལ་ས་འཛུགས་སྐྲུན་བྱེད་པ། གྲོང་གསེབ་དར་སྤེལ་གྱི་འཐབ་འཛིང་བཙན་རྫོང་བརྟན་པོ་འཛུགས་པ། གྲོང་གསེབ་དར་སྤེལ་གྱི་དཔལ་འབྱོར་རྨང་གཞི་ཇེ་བརྟན་དུ་གཏོང་བ། གྲོང་གསེབ་དར་སྤེལ་ཐད་ཀྱི་ཤེས་ལྡན་མི་སྣ་མཉམ་ཤུགས་གཅིག་ཏུ་བསྡུ་བ། གྲོང་གསེབ་དར་སྤེལ་གྱི་སྤྱི་ཚོགས་སྣང་ཚུལ་བསྐྲུན་པར་རོགས་འདེགས་བྱས་ཏེ། རྩ་འཛུགས་དར་སྤེལ་ལ་བརྟེན་ནས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་ཁྱོན་ཡོངས་ནས་ལག་བསྟར་བྱས།

རིན་ཆེན་མཚོས་བསྒྱུར།