རང་ཞིང་གི་དཔེ་མཚོན་གྱོད་གཞི་གཅིག2021ལོའི་ཁྲིམས་ལྟར་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོབ་བྱེད་པའི་དཔེ་མཚོན་གྱོད་གཞི་ཁྲོད་བདམས།
2021.11.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ངོ་སྤྲོད་བྱས་པའི་ཁྲིམས་ཁང་གིས་གྱོད་གཞིར་བརྟེན་ནས་བཅའ་ཁྲིམས་འགྲེལ་བཤད་བྱེད་པ་དང་ལོ་ཚད་ལོངས་པའི་བྱིས་པའི་སློབ་གསོ་དང་ལེན་བྱེད་པར་འགན་སྲུང་བྱེད་པའི་བུད་མེད་བྱིས་པའི་ཁེ་དབང་སྲུང་སྐྱོབ་བྱེད་པའི་དཔེ་མཚོན་གྱོད་གཞི་དེ་ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ལོ་ཆུང་ཁྲིམས་ཁང་གི་བྱ་བའི་གཞུང་སྒྲུབ་ཁང་དང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཁེ་དབང་པུའུ། ཀྲུང་གོའི་བུད་མེད་ཁྲིམས་དཔོན་མཐུན་ཚོགས་བཅས་ཀྱིས་མཉམ་འབྲེལ་སྒོས་སྤེལ་བའི་ཁྲིམས་ལྟར་བུད་མེད་དང་བྱིས་པའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི2021ལོའི་དཔེ་མཚོན་གྱོད་གཞི་ཁྲོད་བདམས།

ད་ལོའི་ཚུན་དུ། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ཁྲོད་འདྲེས་པར་བྱས་པ་དང་། ཞིང་ཆེན་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་། ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་ཁྲིམས་འཛིན་ཐིན་བཅས་ཀྱིས་མཉམ་འབྲེལ་སྒོས་ཞིང་ཆེན་ཡོངས་ཀྱི་སྐབས་དང་པོའི་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོབ་གྱི་གྱོད་གཞི་དཔྱད་འདེམས་བྱ་འགུལ་སྤེལ་ནས། བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ཁྲིམས་ཁང་། ཞིབ་དཔྱོད་ཁང་། སྤྱི་བདེ། ཁྲིམས་འཛིན་བཅས་ལས་ཁུངས་ནང་རང་ཚུགས་དང་མཉམ་འབྲེལ་སྒོས་བསྒྲུབས་པའི་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོབ་དང་འབྲེལ་བའི་ཞུ་གཏུག་དང་འདུམ་སྒྲིག རོགས་སྐྱོར་གྱོད་གཞི་བཞི་བདམས་པ་དང་། རྩ་འཛུགས་ཀྱིས་ངོ་སྤྲོད་བྱས་པ་དང་ཆེད་མཁས་པའི་ཞིབ་དཔྱད་བརྒྱུད་དེ། མཇུག་མཐར་རང་ཞིང་གི་སྐབས་དང་པོའི་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་པའི་དཔེ་མཚོན་གྱོད་གཞི་བཅུ་བདམས་ནས། རྗེས་ཕྱོགས་སུ་བུད་མེད་དང་བྱིས་པའི་ཁེ་དབང་དང་འབྲེལ་བའི་གྱོད་གཞི་ཞིབ་གཅོད་བྱེད་པ་དང་གནད་དོན་ཐག་གཅོད་བྱེད་པའི་ཐད་དཔེ་མཚོན་འདོན་སྤྲོད་བྱས་པ་དང་། རྒྱ་ཆེའི་བུད་མེད་ཚོས་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོབ་བྱེད་པའི་ཐད་བཅའ་ཁྲིམས་ཀྱི་སྣེ་ཁྲིད་འདོན་སྤྲོད་བྱས།

རིན་ཆེན་མཚོས་བསྒྱུར།