རང་ཞིང་གིས་ངལ་རྩོལ་པ་སྟོང་གཉིས་དང་སུམ་བརྒྱ་གོ་བདུན་ལ་ཆད་འཇོག་བྱས་པའི་གླ་ཕོག་བྱེ་བ་གཉིས་དང་ས་ཡ་བཞི་འབུམ་ལྔ་ཁྲི་ལྔ་ལྷག་བྱིན།
2021.12.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

ཟླ་བཅུ་གཉིས་བའི་ཚེས་བཅུ་གཅིག་ཉིན། གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་གླ་ཕོག་ཆད་འཇོག་བྱས་པ་རྩ་བ་ནས་བཅོས་སྐྱོང་བྱེད་པའི་ཐོག་དང་པོའི་དགུན་དུས་བྱ་བ་བཀོལ་གཏོང་བརྙན་རིས་ཆེད་དོན་འགུལ་སྐྱོད་སྟེང་རྒྱུས་ལོན་པ་ལྟར་ན། གླ་ཕོག་ཆད་འཇོག་བྱས་པ་རྩ་བ་ནས་བཅོས་སྐྱོང་བྱེད་པའི་དགུན་དུས་ཆེད་དོན་འགུལ་སྐྱོད་འགོ་བརྩམས་པ་ནས་བཟུང་། ས་ཁུལ་སོ་སོས་འགུལ་སྐྱོད་སྤེལ་ཏེ་ཁུངས་སྣེ་རྩད་ཞིབ་དང་ཡུལ་དངོས་རྟོག་ཞིབ་བྱས་ཏེ།  མིག་སྔའི་བར་ཏུ་མི་བཀོལ་ལས་ཁུངས་དྲུག་བརྒྱ་གྱ་དགུར་རྟོག་ཞིབ་བྱས་པ་དང་། གླ་ཕོག་ཆད་འཇོག་བྱས་པའི་དོན་རྐྱེན་བཞི་བརྒྱ་རེ་བཞིར་གྱོད་དོན་བཙུགས་པ་དང་ཐག་གཅོད་བྱེད་པར་གཞོགས་འདེགས་བྱས་ཏེ་ངལ་རྩོལ་པ་མི་སྟོང་གཉིས་དང་སུམ་བརྒྱ་གོ་བདུན་ལ་ཆད་འཇོག་བྱས་པའི་གླ་ཕོག་བྱེ་བ་གཉིས་དང་ས་ཡ་བཞི་འབུམ་ལྔ་ཁྲི་ལྔ་ལྷག་བྱིན་ཏེ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས།

ཞིང་བ་ཞོར་ལས་པའི་གླ་ཕོག་དུས་ལྟར་ལག་ཏུ་འཕྲོད་པར་ཁག་ཐེག་བྱེད་རྒྱུ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྲད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། དེ་ནི་མི་དམངས་མི་ཚོགས་ཀྱི་ཁེ་ཕན་དང་སྤྱི་ཚོགས་འཆམ་མཐུན་ལ་འབྲེལ་བ་དམ་ཟབ་ཡོད་པའི་དམངས་འཚོའི་དོན་ཆེན་ཞིག་ཡིན། གླ་ཕོག་ཆད་འཇོག་བྱས་པའི་གནས་ཚུལ་ཁུང་དུ་ཆུད་ཆེད། རང་ཞིང་གིས་བརྡར་གཅོད་ནུས་པ་ཇེ་ཆེར་བཏབ་སྟེ་སྔ་མོ་ནས་གནད་དོན་ཐག་གཅོད་དང་རྒྱལ་ཡོངས་ཀྱི་ཁུངས་སྣེར་ཞིབ་ལྟ་བྱས་ཏེ་ཕྱོགས་ཡོངས་ནས་གྱོད་དོན་ཐག་གཅོད་ཀྱི་ནུས་པ་ཇེ་ཆེར་བཏང།

                                 རིག་འཛིན་ཐར་གྱིས་བསྒྱུར།