ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོར། ཞིང་ཆེན་ཐད་གཏོགས་སྲིད་ཁྲིམས་ལས་ཁུངས་ཀྱི་ཏང་གི་ལས་དོན་ལས་བྱེད་མི་སྣས་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱེད་པའི་ཞིབ་བསྡུར་འཛིན་གྲྭ་ཚོགས་མགོ་བརྩམས་པ་དང་། ཞིང་ཆེན་སྲིད་ཁྲིམས་ལས་ཁུངས་སོ་སོ་ནས་ཡོང་བའི་ཏང་གི་ལས་དོན་ལས་བྱེད་མི་སྣ་ཞེ་དགུ་གསོ་སྦྱོང་ཁྲོད་ཞུགས།
ཐེངས་འདིའི་གསོ་སྦྱོང་ནི་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་གུང་ཁྲན་ཏང་སྲིད་ཁྲིམས་བྱ་བའི་སྲོལ་ཡིག་དོན་འཁྱོལ་བྱེད་པ་དང་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་སྲིད་ཁྲིམས་ལས་ཁུངས་ཀྱི་ཏང་འཛུགས་བྱ་བའི་ལས་འགན་དངོས་འབེབས་བྱེད་པ། སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་དང་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བཅོས་སྒྱུར་བྱ་བ་གཏིང་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གསར་བ་ཡིན། ཚོགས་ཡུན་ཉིན་ལྔའི་རིང་གི་གསོ་སྦྱོང་འཛིན་གྲྭས་གཙོ་བོ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ། ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཁྲིམས་བྱ་བའི་སྲོལ་ཡིག་སྒྲོག་འབྲེལ་བྱེད་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ། རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་བའི་ཉེན་བརྡའི་སློབ་གསོ་སོགས་ཀྱི་ནང་དོན་ཐད་སློབ་སྦྱོང་བྱས། གཙོ་བོ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་ཏང་གི་ལས་དོན་བྱ་བར་ཚན་ཆུང་དགར་ནས་བགྲོ་གླེང་བྱས་པ་དང་དམིགས་ཡུལ་གཙོ་བོ་ནི་ཞིང་ཆེན་ཐད་གཏོགས་སྲིད་ཁྲིམས་ལས་ཁུངས་ཀྱི་ཏང་འཛུགས་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། སྲིད་ཁྲིམས་རུ་དཔུང་གི་སློབ་གསོ་དག་ཐེར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། འདུ་ཤེས་བཞི་ཇེ་བརྟན་དུ་གཏོང་བ་དང་ཡིད་ཆེས་བཞི་ཇེ་དྲག་ཏུ་གཏོང་བ། སྲུང་སྐྱོབ་གཉིས་ཐུབ་པར་བྱེད་པ་དེ་ཡིན།