ཟླ་བཅུ་གཉིས་པའི་ཚེས་བཅུ་དགུ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་ཉིན། མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་དང་ཀན་སུའུ་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་གཉིས་ཀྱིས་ཀན་སུའུ་ཞིང་ཆེན་དུ་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་དང་ཀན་སུའུ་ཞིང་ཆེན་འགན་སྲུང་ཅུའུ་གཉིས་ཀྱིས་མཉམ་དུ་སྨན་བཅོས་འགན་སྲུང་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཀོད་པ་དང་། དེའི་དམིགས་འབེན་ནི་མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་སྨན་བཅོས་འགན་སྲུང་བྱ་བའི་ཐད་ཀྱི་བརྗེ་རེས་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་སྤེལ་བ་དང་། གནས་བབ་གསར་བའི་འོག་ས་གནས་གཉིས་ཀྱི་སྨན་བཅོས་འགན་སྲུང་ལས་དོན་འཕེལ་རྒྱས་སུ་གཏོང་བའི་མཉམ་ལས་ཀྱི་མ་དཔེ་གསར་བ་དང་ཐབས་ལམ་གསར་བ་འཚོལ་ཞིབ་བྱེད་པ། མཉམ་དུ་གྲོས་སྡུར་དང་མཉམ་འཛུགས། མཉམ་སྤྱོད་བྱེད་པའི་མཉམ་ལས་རྐྱེན་སྲོལ་འཛུགས་རྒྱུ་དེ་ཡིན།
གྲོས་མཐུན་ལྟར་ན། མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་དང་ཀན་སུའུ་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་གཉིས་ཀྱིས་མཉམ་ལས་ལ་སྔར་ལས་ཤུགས་སྣོན་རྒྱུ་རེད། སྨན་བཅོས་འགན་སྲུང་ལམ་ལུགས་ཚད་ལྡན་དང་འཐུས་ཚང་དུ་གཏོང་བ་དང་། སྨན་བཅོས་འགན་སྲུང་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བར་ཟུང་འབྲེལ་བྱས་ནས། མཉམ་དུ་གཞི་རྩའི་སྨན་བཅོས་འགན་སྲུང་དང་ཚོང་ལས་ཉེན་སྲུང་། དགེ་སྒྲུབ་རོགས་སྐྱོར་བར་གྱི་ཁ་གསབ་མངོན་འགྱུར་བྱེད་པ་སོགས་ཕྱོགས་ཀྱི་ཉམས་མྱོང་བྱེད་ཐབས་ལ་གྲོས་སྡུར་བྱེད་པ་དང་། ཐོབ་ཐང་སྲིད་ཇུས་གྲོས་མོལ་རྐྱེན་སྲོལ་འཛུགས་པ་དང་། ཐོབ་ཐང་སྲིད་ཇུས་གཏན་འབེབས་དང་སྨན་རྫས་གཅིག་བསྡུས་ཉོ་སྒྲུབ། སྨན་བཅོས་ཞབས་ཞུ་རིན་གོང་ལེགས་སྒྲིག ཡུལ་གཞན་སྨན་བཅོས་སོགས་ཕྱོགས་ནས་མཉམ་ལས་མཉམ་འགུལ་ལ་ཤུགས་བསྣན་ནས། ས་གཉིས་ཀྱི་སྨན་བཅོས་འགན་སྲུང་ལ་ཞུགས་པའི་མང་ཚོགས་ཀྱི་ཐོབ་ཐང་ཇེ་མཐོར་གཏོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ལ། སྨན་བཅོས་འགན་སྲུང་གི་འབྲེལ་བ་སྤོ་བསྒྱུར་རྗེས་མཐུད་དང་ཡུལ་གཞན་སྨན་བཅོས་རྩིས་རྒྱག སྨན་བཅོས་འགན་སྲུང་ཐོབ་ཐང་ངེས་གཏན། དཀར་ཆག་ནང་གི་མི་རིགས་སྨན་རྫས་ཕན་ཚུན་ཁས་ལེན་བྱེད་པ་སོགས་ཕྱོགས་ནས་བརྗེ་རེས་མཉམ་ལས་ཤུགས་སྣོན་པ་དང་། སྨན་བཅོས་འགན་སྲུང་གི་འབྲེལ་བ་སྤོ་བསྒྱུར་དྲ་སྦྲེལ་དང་ས་གནས་གཉིས་ཀྱི་སྨན་བཅོས་འགན་སྲུང་ལ་ཞུགས་པའི་མང་ཚོགས་ཀྱིས་མཚོ་སྔོན་དང་ཀན་སུའུ་མངའ་ཁོངས་སུ་སྨན་བཅོས་བྱས་ནས་སྨན་རིན་རྩིས་རྒྱག་སྐབས་ཐོ་འགོད་བྱེད་མི་དགོས་པ་སོགས་ཀྱི་སྨན་བཅོས་འགན་སྲུང་ཞབས་ཞུ་ཐད་ནས། ཚད་ཆེས་མཐོ་བའི་སྒོ་ནས་མང་ཚོགས་ལ་སྟབས་བདེ་བསྐྲུན་པ། མཉམ་འབྲེལ་དྲ་རྒྱ་དང་སྨན་བཅོས་འགན་སྲུང་ཞབས་ཞུའི་རྣམ་པ་གསར་གཏོད་བྱེད་པ་དང་། རྒྱུན་སྤྱོད་སྨན་བཅོས་འགན་སྲུང་གློག་རྡུལ་འཛིན་བྱང་དང་སྤོ་སྒུལ་དངུལ་སྤྲོད་ཁྱབ་གདལ་དུ་གཏོང་བ་སོགས་ཕྱོགས་ནས། ཞིང་ཆེན་གཉིས་ཀྱི་སྨན་བཅོས་འགན་སྲུང་ཆ་འཕྲིན་སྟེགས་བུ་སྦྲེལ་མཐུད་བྱེད་པར་སྐུལ་འདེད་བཏང་སྟེ། རིམ་པ་བཞིན་མཉམ་འབྲེལ་མཉམ་མཐུད་བྱེད་པ་མངོན་འགྱུར་བྱེད་པ། ཡུན་ཕན་མཉམ་ལས་རྐྱེན་སྲོལ་བཙུགས་ནས། མཉམ་དུ་སྨན་བཅོས་འགན་སྲུང་བཅོས་བསྒྱུར་འཕེལ་རྒྱས་ཁྲོད་ཀྱི་དཀའ་གནད་ལ་གྲོས་སྡུར་དང་ཐག་གཅོད་བྱེད་པ་བཅས་བྱེད་རྒྱུ་རེད།
རིན་ཆེན་མཚོས་བསྒྱུར།