རང་ཞིང་གི་ཐུན་མོང་བཞི་དང་མི་སྒེར་བཞི་ལ་རྒྱལ་ཡོངས་ཀྱི་ཞིང་བ་ཞོར་ལས་པའི་ཟླ་ཕོགས་ཆད་པ་རྩ་བཅོས་བྱེད་པའི་བྱ་བའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་གྱི་མཚན་སྙན་ཐོབ།
ཟླ་བཅུ་གཉིས་པའི་ཚེས་ཉེར་བཞི་ཉིན། ཞིང་ཆེན་ཡོངས་ཀྱི་ཟླ་ཕོགས་ཆད་པ་རྩ་བཅོས་བྱེད་པའི་བྱ་བའི་གྲོས་ཚོགས་བསྡུས། གསར་འགོད་པས་ཚོགས་ཐོག་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིང་བ་ཞོར་ལས་པའི་ཟླ་ཕོགས་ཆད་པ་རྩ་བཅོས་བྱེད་པའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གཟེངས་བསྟོད་ཐག་ཆོད་ཉེ་ལམ་དཔར་ནས་བཀྲམ་པ་དང་། ལས་ཁུངས་བརྒྱ་དང་ལྔ་བཅུ་ལ་རྒྱལ་ཡོངས་ཞིང་བ་ཞོར་ལས་པའི་གླ་ཕོགས་ཆད་པ་རྩ་བཅོས་བྱེད་པའི་བྱ་བའི་སྔོན་ཐོན་ཐུན་མོང་གི་མཚན་སྙན་དང་། མི་སྒེར་བརྒྱ་དང་ལྔ་བཅུ་ལ་རྒྱལ་ཡོངས་ཞིང་བ་ཞོར་ལས་པའི་གླ་ཕོགས་ཆད་པ་རྩ་བཅོས་བྱེད་པའི་བྱ་བའི་སྔོན་ཐོན་མི་སྒེར་གྱི་མཚན་སྙན་ཐོབ་པ་དང་། རང་ཞིང་གི་སྔོན་ཐོན་ཐུན་མོང་བཞི་དང་སྔོན་ཐོན་མི་སྒེར་བཞི་ལ་མཚན་སྙན་ཐོབ་འདུག
ད་ལོར། རང་ཞིང་གིས་ངལ་རྩོལ་པའི་ཟླ་ཕོགས་རྩིས་སྤྲོད་བྱེད་པར་འགན་སྲུང་བྱེད་པའི་སྲོལ་ཡིག་དངོས་འབེབས་བྱེད་པ་གཙོར་བཟུང་སྟེ། སྲིད་ཇུས་དྲིལ་སྒྲོག་བྱེད་པ་དང་། ལྟ་ཞིབ་དཔྱད་ཞིབ་བྱེད་པ། རང་འགུལ་གྱིས་རྩད་ཞིབ་བྱེད་པ་དང་། ཡིད་རྟོན་མེད་པ་ལ་ཆད་གཅོད་ནན་མོ་བྱེད་པ་སོགས་ཀྱི་དོན་དངོས་ཀྱི་བྱེད་ཐབས་སྤྱད་ལ། དམིགས་འབེན་ལས་འགན་ནན་སྒྲུབ་དང་ཕྱོགས་བསྡུས་ཐབས་ཇུས་ལག་བསྟར་བྱས་ནས། ཟླ་ཕོགས་ཆད་པ་རྩ་བ་ནས་བཅོས་སྐྱོང་བྱེད་པའི་བྱ་བ་སྣ་ཚོགས་ཧུར་ཐག་གིས་ལེགས་པོར་སྒྲུབ། ཞིང་ཆེན་ཡོངས་ཀྱི་ངལ་རྩོལ་ལྟ་ཞིབ་ལས་ཁུངས་སོ་སོས་བསྡོམས་པས་གྱོད་ཐོ་བཀོད་པ་དང་མཐུན་སྦྱོར་ཐག་གཅོད་བྱས་པའི་ཟླ་ཕོགས་ཆད་པའི་གྱོད་གཞི་སྟོང་གསུམ་དང་བརྒྱ་དང་གྱ་ལྔ་ཡོད་ལ། ངལ་རྩོལ་པ་ཉིས་ཁྲི་ཉིས་སྟོང་ལ་ཟླ་ཕོགས་དུང་ཕྱུར་གཉིས་དང་བྱེ་བ་བཞི་ཕྱིན་པ་དང། ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་ལ་ཕན་འབྲས་ལྡན་པའི་སྲུང་སྐྱོབ་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།