རང་ཞིང་གི་ཐུན་མོང་བཅོ་ལྔ་དང་མི་སྒེར་བཅོ་ལྔ་ལ་རྒྱལ་ཡོངས་ཀྱི་གཟེངས་བསྟོད་ཐོབ།
2021.12.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

གསར་འགོད་པས་ཟླ་བཅུ་གཉིས་པའི་ཚེས་ཉེར་དྲུག་ཉིན་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱལ་ཡོངས་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོབ་ཐད་ཀྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་རྒྱུའི་ཐག་བཅད་པ་དང་། རང་ཞིང་གི་ཐུན་མོང་བཅོ་ལྔ་དང་མི་སྒེར་བཅོ་ལྔ་ལ་གཟེངས་བསྟོད་ཐོབ་ལ། དེའི་ཁྲོད་སྤྱི་བདེ་ལས་ཁུངས་སུ་གཟེངས་བསྟོད་ཐོབ་པའི་ཐུན་མོང་གསུམ་དང་མི་སྒེར་གཅིག་ཡོད།

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། སྔོན་ཐོན་ལས་གཟེངས་བསྟོད་བྱེད་པ་དང་མིག་དཔེ་འཛུགས་བ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་གཏོང་བ། བུད་མེད་བྱིས་པའི་ཁེ་དབང་སྲུང་སྐྱོབ་དང་བརྩི་བཀུར་བྱེད་པའི་སྤྱི་ཚོགས་དར་སྲོལ་བཟང་བོ་གྲུབ་པར་བྱེད་ཆེད། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས། སྡེ་ཁག་བདུན་བརྒྱ་དང་གོ་དྲུག་ལ་རྒྱལ་ཡོངས་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོབ་ཐད་ཀྱི་སྔོན་ཐོན་ཐུན་མོང་གི་མཚན་སྙན་སྟེར་བ་དང་། བློ་མཐུན་བདུན་བརྒྱ་དང་གོ་བརྒྱད་ལ་རྒྱལ་ཡོངས་བུད་མེད་བྱིས་པའི་ཁེ་དབང་སྲུང་སྐྱོབ་ཀྱི་སྔོན་ཐོན་མི་སྒེར་གྱི་མཚན་སྙན་སྟེར་རྒྱུ་ཐག་བཅད།

དེའི་ཁྲོད། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་ཞིབ་དཔྱོད་པུའུ་བརྒྱད་པ་དང་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་བྱིས་པའི་ཕན་བདེ་ཁྲུའུ། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་རྨང་གཞི་སློབ་གསོ་ཁྲུའུ། མཚོ་སྔོན་ཞིང་ཆེན་འཕྲིན་བཅར་ཅུའུ་སྣེ་ལེན་ཁྲུའུ། མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཁེ་དབང་པུའུ། མཚོ་སྔོན་རྒྱལ་ཁབ་ཚན་རིག་སེམས་ཁམས་བདེ་ཐང་སྐུལ་སྤེལ་དང་འཕེལ་རྒྱས་ལྟེ་གནས། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་མཁར་བྱང་ཡན་ལག་ཅུའུ། མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་མི་དམངས་ཁྲིམས་ཁང་། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཁྲིམས་འཛིན་ཅུའུ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཝུའུ་ལན་རྫོང་སྤྱི་བདེ་ཅུའུ་ཚྭ་ཁ་མངག་གཏོང་ཁང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་སྤྱི་བདེ་ཅུའུ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་མི་དམངས་ཞིབ་དཔྱོད་ཁང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་མི་དམངས་ཁྲིམས་ཁང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་གཡུ་སྒང་ཉིན་གྲོང་རྡལ་མི་དམངས་སྲིད་གཞུང་སོགས་ཐུན་མོང་བཅོ་ལྔར་གཟེངས་བསྟོད་ཐོབ་པ་དང་། མཱ་ཧྥུའུ་དང་ཝུའུ་ཞའོ་ཆེན། ལུའུ་ཙུང་ཞང་། གཡང་མོ་འཚོ་སོགས་མི་སྒེར་བཅོ་ལྔར་གཟེངས་བསྟོད་ཐོབ།

རིན་ཆེན་མཚོས་བསྒྱུར།