མཚོ་སྔོན་ཞིང་ཆེན་གྱི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་བསྡུ་བའི་དུས་ཚོད་རྗེས་སུ་བསྣུར་རྒྱུ་རེད།
2021.12.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱི་དགུན་དུས་རྣམ་གྲངས་དང་ཕྱི་རོལ་ལུས་རྩལ་དོ་དམ་ལྟེ་གནས་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་གྱིས་དགུན་དུས་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ལ་བསུ་མ་བྱེད་པ་དང་དགུན་དུས་ལུས་རྩལ་གྱིས་དམངས་ཡོངས་ལ་ཕན་འདོགས་པའི་མཚོ་སྔོན་ཞིང་ཆེན་གྱི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་དང2021ལོ་ནས2022ལོའི་དགུན་དཔྱིད་དུས་ཀྱི་གངས་དར་ལུས་རྩལ་མུ་འབྲེལ་བྱ་འགུལ་བསྡུ་བའི་དུས་ཚོད་རྗེས་སུ་བསྣུར་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཟི་ལིང་གྲོང་ཁྱེར་རིམས་ནད་འགོག་སྡོམ་བཀོད་འདོམས་པུའུ་ཡི་ཉེ་དུས་ཀྱི་རེ་བ་ལྟར། རིམས་ནད་འགོག་སྡོམ་བྱ་བ་བཟང་པོར་བསྒྲུབ་པ་དང་། མི་ཚོགས་འདུ་འཛོམས་བརྒྱུད་དེ་རིམས་ནད་མཆེད་པའི་ཉེན་ཁ་མེད་པར་བྱེད་པ། འགྲན་ཞུགས་མི་སྣའི་ལུས་ཕུང་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་བྱེད་ཆེད། མཚོ་སྔོན་གྱི་དགུན་དུས་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ལ་བསུ་མ་བྱེད་པ་དང་དམངས་ཡོངས་ལ་ཕན་འདོགས་པའི་མཚོ་སྔོན་ཞིང་ཆེན་གྱི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་དང་2021ལོ་ནས2022ལོའི་དགུན་དཔྱིད་དུས་ཀྱི་དམངས་ཡོངས་གངས་དར་ལུས་རྩལ་མུ་འབྲེལ་བྱ་འགུལ་བསྡུ་བའི་དུས་ཚོད་རྗེས་སུ་བསྣུར་རྒྱུའི་ཐག་བཅད།

རིན་ཆེན་མཚོས་བསྒྱུར།