ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་སུ་མཚོ་སྔོན་ཞིང་ཆེན་གྱི་དབང་བོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་ཐད་བསྡོམས་པས་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བྱེ་བ་གཉིས་ས་ཡ་དགུའི་ཁ་གསབ་སྣ་གཉིས་བྱིན།
2022.01.05 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 41

གསར་འགོད་པས་ཉེ་སྔོན་ཞིང་ཆེན་ཡོངས་ཀྱི་དབང་བོ་སྐྱོན་ཅན་ལས་དོན་གྱི་གྲོས་ཚོགས་དང་ཞིང་ཆེན་སྲིད་གཞུང་གི་དབང་བོ་སྐྱོན་ཅན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་རྒྱ་བསྐྱེད་གྲོས་ཚོགས་ཐེངས་བཞི་པའི་སྟེང་རྒྱུས་ལོན་པ་ལྟར་ན། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་ཚུན་ལ། རང་ཞིང་གིས་བསྡོམས་པས་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཅིག་བྱེ་བ་གཉིས་ས་ཡ་དགུ་བཏང་ནས་དབང་བོ་སྐྱོན་ཅན་མི་ཐེངས་ས་ཡ་གཅིག་དང་ཁྲི་དྲུག་སྟོང་བདུན་དགུ་བརྒྱ་ལ་ཁ་གསབ་སྣ་གཉིས་བྱིན། དེའི་ནང་དུ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་ལྔ་ས་ཡ་གཉིས་དབང་བོ་སྐྱོན་ཅན་མི་ཐེངས་འབུམ་དྲུག་དང་ཁྲི་བཞི་སྟོང་དགུ་བཞི་བརྒྱ་ལ་དཀའ་ཁག་ཅན་གྱི་དབང་བོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་ཏུ་བྱིན་པ་དང་། སྒོར་དུང་ཕྱུར་བཞི་དང་བྱེ་བ་བདུན་ས་ཡ་བདུན་དབང་བོ་སྐྱོན་ཅན་མི་ཐེངས་འབུམ་བཞི་དང་ཁྲི་གཅིག་སྟོང་བརྒྱད་ལྔ་བརྒྱ་ལ་དབང་བོ་སྐྱོན་ཅན་ལྕི་མོའི་ལྟ་སྐྱོང་ཁ་གསབ་ཏུ་བྱིན། རང་ཞིང་གི་དབང་བོ་སྐྱོན་ཅན་ལས་དོན་གོང་སྤེལ་ཐད་མ་དངུལ་གཏོང་ཤུགས་རྒྱུན་མ་ཆད་པར་ཇེ་ཆེར་སོང་བ་དང་། སྤྱི་ཚོགས་འགན་སྲུང་གི་ཆུ་ཚད་བརྟན་པོའི་ངང་མཐོར་འདེགས་བྱུང་།

ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་སུ། རང་ཞིང་གི་དབང་བོ་སྐྱོན་ཅན་གྱི་གནད་ཁེལ་ཁམས་གསོ་དང་རམ་འདེགས་ཡོ་བྱད་སྒྲིག་བཀོད་ཞབས་ཞུ་ཡི་ཚད་དང་། གཞི་རྩའི་རྒན་གསོ་དང་གཞི་རྩའི་སྨན་བཅོས་འགན་བཅོལ་ཁྲོད་ཟབ་ཞུགས་ཀྱི་ཚད། ལོ་ཚོད་རན་པའི་དབང་བོ་སྐྱོན་ཅན་གྱི་བྱིས་པ་དང་ན་ཆུང་སློབ་གྲྭར་ཞུགས་པའི་ཚད་བཅས་ཚང་མ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་དང་། དབང་བོ་སྐྱོན་ཅན་མི་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་མ་ཆད་པར་མཐོར་འདེགས་བྱུང་། ཉིས་སྟོང་ཉེར་གཅིག་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལག་བསྟར་བྱེད་འགོ་བརྩམས་པའི་ལོ་ཡིན་ལ། རང་ཞིང་གི་དབང་བོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་བརྟན་པོའི་ངང་མཐོར་འདེགས་བྱུང་། ཞིབ་མཆན་བཀོད་དེ་བྱིན་པའི་དབང་བོ་སྐྱོན་ཅན་གྱི་ཁ་གསབ་སྣ་གཉིས་སྒོར་དུང་ཕྱུར་གཅིག་བྱེ་བ་བདུན་ས་ཡ་བཞི་ལ་བུད་ཡོད་པ་དང་། འཚོ་བར་དཀའ་ཁག་ཡོད་པ་དང་། ཁྱིམ་ཚང་གི་གཉོར་སྐྱོང་ལ་བརྟེན་པར་མ་ཟད་རང་རྐྱ་འཕེར་བར་འཚོ་བ་རོལ་མི་ཐུབ་ལ་ལས་ཀ་མེད་པའི་དབང་བོ་སྐྱོན་ཅན་དར་མ་ཁྲི་གཅིག་དང་སྟོང་བརྒྱད་སུམ་བརྒྱ་དང་བཅུ་དྲུག་མ་མཐའི་འཚོ་བར་འགན་སྲུང་བྱེད་པའི་ཁྲོད་དུ་བཞག མ་དངུལ་སྒོར་ས་ཡ་དགུ་དང་འབུམ་གསུམ་བཏང་ནས་དབང་བོ་སྐྱོན་ཅན་སྟོང་གཉིས་དང་ཉིས་བརྒྱ་ལྔ་བཅུ་ལ་བཅོལ་གདམ་ལྟ་སྐྱོང་གི་ཞབས་ཞུ་འདོན་སྤྲོད་བྱས།

དེས་མི་ཚད་ལོ་ཧྲིལ་བོར་དབང་བོ་སྐྱོན་ཅན་གྱི་ཆེད་དམིགས་གདན་ཞུ་ཚོགས་འདུ་ཐེངས་བརྒྱད་རྩ་འཛུགས་བྱས་པ་དང་། མི་སྟོང་གསུམ་དང་ལྔ་བརྒྱ་ཉེར་གསུམ་དངོས་མིང་ལམ་ལུགས་ཀྱི་ལོ་གཅིག་གི་གསོ་སྦྱོང་འཆར་གཞིའི་ཁྲོད་བཞག་ལ། ལས་ཀ་ཤོར་བའི་དབང་བོ་སྐྱོན་ཅན་གོ་བདུན་ཡང་བསྐྱར་ལས་ཀར་ཞུགས་པར་རོགས་རམ་བྱས། ཉིས་སྟོང་ཉེར་གཅིག་ལོར་མཐོ་རིམ་སློབ་ཆེན་མཐར་ཕྱིན་པའི་དབང་བོ་སྐྱོན་ཅན་ཉིས་བརྒྱ་དང་ང་བཞི་ལ་ལས་ཞུགས་རྗེས་སྙེག་ཞབས་ཞུ་འདོན་སྤྲོད་བྱས། བྱིས་པ་དབང་བོ་སྐྱོན་ཅན་གྱི་ཁམས་གསོ་རོགས་སྐྱོབ་ངེས་གཏན་ཞབས་ཞུའི་ལས་ཁུངས་ལ་ཚད་ལྡན་ཅན་གྱི་དོ་དམ་བྱེད་པའི་ཚོད་ལྟའི་བྱ་བ་ཏན་ཏིག་གིས་སྤེལ་ནས། བྱིས་པ་དབང་བོ་སྐྱོན་ཅན་སྟོང་གསུམ་དང་སུམ་བརྒྱ་དང་གཉིས་ལ་ཁམས་གསོ་རོགས་སྐྱོབ་ཞབས་ཞུ་འདོན་སྤྲོད་བྱས་པ་དང་། མི་ཁྲི་གཉིས་དང་བདུན་བརྒྱ་དོན་བདུན་ལ་རམ་འདེགས་ཡོ་བྱད་སྒྲིག་བཀོད་བྱས།