ལུགས་གསར་ལོ་སར་སྐབས་སུ་ཟི་ལིང་མེ་འཁོར་ས་ཚིགས་ཀྱི་འགྲུལ་སྐྱེལ་མི་ཐེངས་ས་ཡ་ལྔ་ལྷག་ལ་སླེབས།
2022.01.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་དང་པོའི་ཚེས་བཞི་ཉིན། གསར་འགོད་པས་ཀྲུང་གོའི་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སི་ཟི་ལིང་མེ་འཁོར་ས་ཚིགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལུགས་གསར་ལོ་སར་སྐབས་སུ་ཟི་ལིང་མེ་འཁོར་ས་ཚིགས་ནས་བསྡོམས་པས་འགྲུལ་བ་མི་ཐེངས་ཁྲི་ལྔ་དང་བདུན་བརྒྱ་གོ་དྲུག་བསྐྱལ་བ་དང་། ཉིན་རེའི་འགྲུལ་སྐྱེལ་གྱི་ཚད་མི་ཐེངས་ཁྲི་གཅིག་སྟོང་གཉིས་ལ་སླེབས་ཡོད་པ་དང་། གཙོ་བོ་ན་གོར་མོ་དང་མིན་ཡོན་སོགས་ཐག་ཉེ་སའི་འགྲུལ་བ་རེད།

ལུགས་གསར་ལོ་སར་སྐབས་སུ། ཟི་ལིང་མེ་འཁོར་ས་ཚིགས་ཀྱིས་མེ་འཁོར་ས་ཚིགས་སི་རླུང་རྒྱུ་བ་དང་དུག་སེལ་བྱེད་པ། འགྲོ་འོང་བྱེད་སའི་ལུས་དྲོད་ཚད་ལེན་དང་། ཚ་རྒྱས་མི་སྣ་འཕྲལ་བསྟུན་ཐག་གཅོད་སོགས་ཀྱི་འགོག་སྡོམ་བྱེད་ཐབས་དངོས་འབེབས་ནན་མོ་བྱས་ཡོད་ལ། སྒྲིག་རིམ་རྒྱུན་སྲུང་བྱེད་པར་ཤུགས་སྣོན་དང་འགྲུལ་བར་ལམ་སྟོན་བྱ་བ་ནན་མོ་སྒྲུབ་པ་མ་ཟད། འགྲུལ་བ་བདེ་འཇགས་ངང་བགྲོད་ཐུབ་པར་རྩ་འཛུགས་བྱས་ཏེ། འགྲུལ་བར་བདེ་འཇགས་བདེ་ཐང་གི་འགྲུལ་བཞུད་ཁོར་ཡུག་བསྐྲུན་ཡོད།

                                                                                                      རིག་འཛིན་སྒྲོལ་མས་བསྒྱུར།